作词 : 无名者
作曲 : 仁青闹日
ཞེན།
གཞས་ཚིག མྱིང་མེད
རོལ་མོ མགར་ཨ་བསོད
དབྱངས རིན་ཆེན་ནོར་བུ
གཞས་པ རིན་ཆེན་ནོར་བུ
སྨུག་ལང་ལོང་གན
སེམས་ལ་འཐིབ་ན
ཆར་སིམ་སིམ་འདིས
སྐྲ་ལོ་བརླན་ཡོང
རླུང་བསིལ་བསིལ་དེ
ཁྱོད་རང་ཡིན་ན
སྟོན་གྱི་ལོ་མ
དྲན་པའི་སྐྱོ་ངལ་ཡིན
སེམས་སྐྱ་མོ་ཐང་ལ་འདིང་དུས
ན་མེ་ཏོག་བཞད་ན་ཡག་ཀི
མིག་ཕྱེས་ནས་ཕར་ལ་ལྟ་དུས
མཚན་རིང་མོ་བསམ་ན་སྐྱོ་གི
སྒྲུང་རིང་མོ་འདི
སྤྲིན་ལ་བཤད་ན
སྤྲིན་དཀར་དམར་དེ
ནམམཁའི་མཐའ་རེད
ཆུ་ཆུང་ཆུང་དེ
ཁྱེད་རང་ཡིན་ན
གྲམ་པའི་རྡོའུ
སེམས་ཀྱི་རྨ་ཁ་རེད
ངས་ཕྱིར་དྲན་གླུ་རུ་བྲིས་ན
དགུང་ཟླ་བར་མིག་ཆུ་འཐོར་གི
ངས་དྲན་པ་དབྱངས་ལ་འགུག་དུས
དབྱངས་སྙན་མོར་མདུད་པ་ཕོག་ག
ངས་ཕྱིར་དྲན་གླུ་རུ་བྲིས་ན
དགུང་ཟླ་བར་མིག་ཆུ་འཐོར་གི
ངས་དྲན་པ་དབྱངས་ལ་འགུག་དུས