作词 : 民间
作曲 : 民间
ང་ཚོ་ཡར་ཡར་འགྲོ་དུས།།
我们一路向前
ཁ་བ་མར་མར་བབས་བྱུང་།།
雪花飘飘下来
ཁ་བ་བབས་ན་བབས་སོང་།།
雪花飘飘落地
ཁ་རྒྱབ་ཉི་མ་ཤར་ཡོང་།།
背阳光日出
ཆུང་འདྲིས་འུ་གཉིས་སེམས་པ།།
我和青梅竹马
རྡོ་ཐོག་རི་མོ་བྲིས་ཡོད།།
刻在石头上画纹
ཆར་ཆུ་ལོ་གསུམ་བབས་ན།།
只要雨水三年
རི་མོ་འདག་རྒྱུ་མ་རེད།།
图纹不会洗干
འགུ་ཡ་མ་རྩ་དངུལ་རེད།།
没有硬币成本
ཕྲ་ཁུང་རིན་ཆེན་གསེར་རེད།།
微孔黄金不变
ལས་དབང་ཅན་གྱི་འགུ་ཡ།།
有缘生情不变
ལས་འབྲས་ཅན་གྱིས་བརྒྱབ་ཡོད།།
有缘业绩不变
རྟ་དང་སྒ་གཉིས་བར་ལ།།
马和马鞍之间
འཇམ་པའི་སྟན་རེ་བསྟད་ཡོད།།
一些光滑垫子
མི་གཡོན་གློ་རེ་བསྡམས་ཡོད།།
不歪一心一意
གཡོན་ན་སྔོན་མའི་ལས་རེད།།
歪了前世缘分
དཀར་ཡོལ་དཀར་སངས་ནང་ལ།།
八宝瓷碗里面
མི་འགྱུར་བདུད་རྩི་བླུགས་ཡོད།།
加了不变甘露
བདུད་རྩི་ཆུ་ལ་འགྱུར་ན།།
甘露变成水粉
སྐྱེ་བ་སྔོན་གྱི་ལས་རེད།།
生在前世缘分
出品 : 宗塔青年笔会
广告设计:宗嘎达
翻译:郭智·秋里