ཕ་ས།
གཞས་ཚིག སྨན་བླ་སྐྱབས།
དབྱངས་རྩོམ་མཁན། བསམ་པའི་དོན་འགྲུབ།
ལེན་མཁན། སངས་རྒྱས་སྐྱབས།
རོལ་མོ། གླིང་རྒྱལ་འཆི་མེད་ཚེ་རིང་།
སྒྲ་ཕབ་དང་ཞིབ་སྦྱོར། གཡང་རོང་ཨ་དོན།
ནམ་མཁའ་གཡུ་ཆུང་འདྲ་ཞིག
ཐང་དཀར་རྒོད་ལ་བཞག་ཡོད།
སྤྲིན་དཀར་མུ་ཏིག་འདྲ་ཞིག
ནམ་མཁའི་ཟུར་ལ་བརྒྱན་སོང་།
ལོ་ཟླའི་ས་བཅུད་བརྗེས་དུས།
དེ་ཡང་སེམས་གསོ་འདྲ་བྱུང་།
ཐང་དཀར་རྒོད་པོའི་ཕ་ས།
ཕ་ས་གཡུ་ཆུང་དྲུག་དཀར།
ལོ་ཟླའི་ས་བཅུད་བརྗེས་དུས།
དེ་ཡང་སེམས་གསོ་འདྲ་བྱུང་།
གངས་རི་ཞོ་གསར་འདྲ་ཞིག
སྙིང་གི་རྟེན་ལ་བཞག་ཡོད།
ཉི་འོད་འཛུམ་མདངས་འདྲ་ཞིག
གངས་རིའི་རྩེ་ལ་ཤར་སོང་།
མེ་ཏོག་མིག་ཆུ་སྐམ་དུས།
དེ་ཡང་སེམས་གསོ་འདྲ་བྱུང་།
ཡ་ཆུང་སེམས་ཀྱི་ཕ་ས།
ཕ་ས་གངས་ཀྱི་ར་བ།
མེ་ཏོག་མིག་ཆུ་སྐམ་དུས།
དེ་ཡང་སེམས་གསོ་འདྲ་བྱུང་།
ཡ་ཆུང་སེམས་ཀྱི་ཕ་ས།
ཕ་ས་གངས་ཀྱི་ར་བ།
མེ་ཏོག་མིག་ཆུ་སྐམ་དུས།
དེ་ཡང་སེམས་གསོ་འདྲ་བྱུང་།