作词 : 无
作曲 : 无
ང་ཡི་བླ་མ་དྲན་བྱུང་།
གསུང་གི་བཀའ་སློབ་དྲན་བྱུང་།
ལམ་བསྟོན་སྒྲོན་མེ་བཟང་པོ།།
སྐུ་ཚེ་ཡུན་རིང་བརྟན་ཤོག།
ལམ་བསྟོན་སྒྲོན་མེ་བཟང་པོ།།
སྐུ་ཚེ་ཡུན་རིང་བརྟན་ཤོག།
ང་ཡི་བླ་མ་དྲན་བྱུང་།
ཐུགས་ཀྱི་སྙིང་རྗེ་དྲན་བྱུང་།
སྙིང་རྗེ་བདག་ཉིད་ཆེན་པོ།།
སྐུ་ཚེ་ཡུན་རིང་བརྟན་ཤོག།
སྙིང་རྗེ་བདག་ཉིད་ཆེན་པོ།།
སྐུ་ཚེ་ཡུན་རིང་བརྟན་ཤོག།
ང་ཡི་བླ་མ་དྲན་བྱུང་།
གསུང་ཞལ་པད་མ་དཀར་པོ་།
སྐུ་ཚེ་ཡུན་རིང་བརྟན་ཤོག་
ཡའ་་་་་་་་་་
སྙན་གྲགས་རིན་པོ་ཆེ་།།
ཚངས་དབྱངས་གསུང་གི་བྱིན་རླབས།
བྱམས་བརྩེ་ཐུགས་ཀྱི་བརྩེ་བ།
མཚན་དཔེ་སྐུ་ཡི་གཟི་བརྗིད།།
འགྲོ་བའི་མགོན་དུ་བཞུགས་རོགས།
མཚན་དཔེ་སྐུ་ཡི་གཟི་བརྗིད།།
འགྲོ་བའི་མགོན་དུ་བཞུགས་རོགས།
སྙན་པའི་གླུ་ཡི་མཆོད་པ།།
ཁྱེད་ཀྱི་ཕྱོགས་ལ་འཕུལ་ནས།
ཉམས་ཆུང་འགྲོ་བའི་དོན་དུ།
སྐུ་ཚེ་སྐལ་བརྒྱར་བརྟན་ཤོག
ཉམས་ཆུང་འགྲོ་བའི་དོན་དུ།
སྐུ་ཚེ་སྐལ་བརྒྱར་བརྟན་ཤོག།
ཡའ་་་་་་་་་་
སྙན་གྲགས་རིན་པོ་ཆེ་།།
ཡའ་་་་་་་་་་
སྙན་གྲགས་རིན་པོ་ཆེ་།།