作词 : 索格
作曲 : 罗泽老师
རི་ཆུའི་བརྩེ་དུངས།
ཚིགབསོད་དགེ
དབྱངས།རྒན་བློ་ཚེ།
ཡིག་སྒྱུར་བ།དབལ་ཁྱུང་བསོད་ནམས།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
བསྭོ།དབུས་གཙང་ཡར་ཀླུང་ཆུ་བོ།ཨ་འ་ལ་རོའོ།
བསྭོ།མདོ་ཁམས་རྨ་ཆུ་འབྲི་ཆུ།ཨ་འ་ལ་རོའོ།
བསྭོ།མངའ་རིས་སེང་གེ་ཁ་འབབ།འོ་ལ་སོའོ།ཀོང་པོ་ཉང་ཆུ་སྔོན་མོ།
ཨ།གངས་ཆུ།ཨ།གངས་རི།
གངས་ཅན་ཆུ་བོའི་ཆུ་རྒྱུན། ཨ་འ་ལ་རོའོ།
མཐའ་མེད་རྒྱ་མཚོའི་འབྱུང་གནས།ཨ་འ་ལ་རོའོ།
བསྭོ།ནུབ་ཀྱི་གངས་དཀར་ཏི་སེ།ཨ་འ་ལ་རོའོ།
བསྭོ།ཤར་གྱི་རྨ་རྒྱལ་སྤོམ་ར།ཨ་འ་ལ་རོའོ།
བསྭོ།བྱང་གི་གཉན་ཆེན་ཐང་ལྷ།འོ་ལ་སོའོ།ལྷོ་ཡི་ཁ་བ་དཀར་པོ།
ཨ།གངས་ཆུ།ཨ།གངས་རི།
གངས་ཅན་རི་ཡི་རི་རྒྱུད།ཨ་འ་ལ་རོའོ།
གངས་ཅན་མི་ཡི་བླ་གནས། ཨ་འ་ལ་རོའོ།
ཨ།གངས་ཆུ།ཨ།གངས་རི།