作词 : 尼玛
作曲 : 曲塔
编曲 : 安冲青梅音乐工作室
མ་བརྗེད།
ཚིག ཉི་མ།
དབྱངས། ཆོས་དར།
ལེན་མཁན། དུང་ཙི།
རྙེད་དཀའ་བ་དལ་འབྱོར་མི་ལུས་རེད།།
འཇིག་སླ་བ་སྒྱུ་ལུས་ཤ་ཁྲག་རེད།།
མྱོང་དཀའ་བ་དམྱལ་བའི་སྡུག་བསྔལ་རེད།།
ལས་རྒྱུ་འབྲས་མ་བརྗེད་ཕ་བཟང་བུ། །
བསྒྱུར་དཀའ་མོ་རང་གཤིས་གྱོང་བོ་རེད།།
འགྲོ་སླ་བ་དུས་ཚོད་སྐར་ཆ་རེད།།
སྐྱིད་མི་རྟག་རྩྭ་མགོའི་ཟིལ་བ་རེད།།
སྐྱབས་དཀོན་མཆོག་མ་བརྗེད་ཕ་བཟང་བུ། །
རྙེད་དཀའ་བ་རང་གཤིས་བཟང་པོ་རེད།།
བརྗེད་དཀའ་བ་ཕ་མའི་དྲིན་ལན་རེད།།
ཡོད་དགོས་པ་ཐབས་དང་ཤེས་རབ་རེད།།
བྱམས་སྙིང་རྗེ་མ་བརྗེད་ཕ་བཟང་བུ། །