作词 : 岗•拉贵
作曲 : 岗•拉贵
编曲 : 岗•拉贵
༼ སྐྱིད་སྡུག་གི་མི་ཚེ། ༽
ཚིག་གདངས་ ལྷག་བསམ་རྒྱལ།།
གཞས་པ་ སངས་རྒྱས་འཕྲིན་ལས་དང་ཡོན་ཏན་མགོན་པོ།།
གཞས་ཚིག་སྒྲིག་བཟོ་འགྲེམ་སྤེལ་ སྒང་·ལྷག་རྒོད།།
སྔ་དྲོ་སྐྱིད་ན།།
ཕྱི་དྲོ་སྡུག་ཡོང།།
དེ་རིང་སྡུག་ན།།
སང་ཉིན་སྐྱིད་ཡོང།།
ད་ལོ་སྐྱིད་ན།།
སང་ལོ་སྡུག་ཡོང།།
ཚེ་སྟོད་སྡུག་ན།།
ཚེ་སྨད་སྐྱིད་ཡོང།།
མི་ཚེ་ནི་སྐྱིད་རེས་སྡུག་རེས་རེད།།
གྲོགས་པོ་ལགས།།
ད་ལོ་དར་ན།།
སང་ལོ་གུད་ཡོང།།
ལོ་གཅིག་གུད་ན།།
ལོ་གསུམ་དར་འགྲོ།།
གཞོན་དུས་དར་ན།།
རྒས་དུས་གུད་འགྲོ།།
ཚེ་སྟོད་གུས་ན།།
ཚེ་སྨད་དར་འགྲོ།།
མི་ཚེ་ནི་དར་རེ་གུད་རེ་རེད།།
གྲོགས་པོ་ལགས།།
སྐྱིད་པའི་དུས་སུ་མགོ་འཕངས་མ་མཐོ།།
སྡུག་གི་སྔོན་བརྡ་ཡིན་ན་ཆོག།།
སྡུག་པའི་དུས་སུ་སྤོབས་པ་མ་ཞུམ།།
སྐྱིད་ཀྱི་ཕོ་ཉ་ཡིན་ན་ཐང།།
སྐྱིད་སྡུག་གི་འཁོར་ལོ་ནི་མི་ཚེ་ཡིན་པས།།
ང་ཚོའི་སྤྱོད་པ།།
ང་ཚོའི་སེམས་པ།།
རི་བོ་བཞིན་བརྟན་དགོས།།
རྩྭ་ཐང་བཞིན་ཡངས་དགོས།།
རི་བོ་བཞིན་བརྟན་དགོས།།
རྩྭ་ཐང་བཞིན་ཡངས་དགོས།།
བོད་གཞས་གསན་པར་བཀའ་དྲིན་ཆེ།།
སྔ་དྲོ་སྐྱིད་ན།།
ཕྱི་དྲོ་སྡུག་ཡོང།།
དེ་རིང་སྡུག་ན།།
སང་ཉིན་སྐྱིད་ཡོང།།
ད་ལོ་སྐྱིད་ན།།
སང་ལོ་སྡུག་ཡོང།།
ཚེ་སྟོད་སྡུག་ན།།
ཚེ་སྨད་སྐྱིད་ཡོང།།
མི་ཚེ་ནི་སྐྱིད་རེས་སྡུག་རེས་རེད།།
གྲོགས་པོ་ལགས།།
ད་ལོ་དར་ན།།
སང་ལོ་གུད་ཡོང།།
ལོ་གཅིག་གུད་ན།།
ལོ་གསུམ་དར་འགྲོ།།
གཞོན་དུས་དར་ན།།
རྒས་དུས་གུད་འགྲོ།།
ཚེ་སྟོད་གུས་ན།།
ཚེ་སྨད་དར་འགྲོ།།
མི་ཚེ་ནི་དར་རེ་གུད་རེ་རེད།།
གྲོགས་པོ་ལགས།།
སྐྱིད་པའི་དུས་སུ་མགོ་འཕངས་མ་མཐོ།།
སྡུག་གི་སྔོན་བརྡ་ཡིན་ན་ཆོག།།
སྡུག་པའི་དུས་སུ་སྤོབས་པ་མ་ཞུམ།།
སྐྱིད་ཀྱི་ཕོ་ཉ་ཡིན་ན་ཐང།།
སྐྱིད་སྡུག་གི་འཁོར་ལོ་ནི་མི་ཚེ་ཡིན་པས།།
ང་ཚོའི་སྤྱོད་པ།།
ང་ཚོའི་སེམས་པ།།
རི་བོ་བཞིན་བརྟན་དགོས།།
རྩྭ་ཐང་བཞིན་ཡངས་དགོས།།
རི་བོ་བཞིན་བརྟན་དགོས།།
རྩྭ་ཐང་བཞིན་ཡངས་དགོས།།
གླུ་གཞས་འགྲེམ་སྤེལ་ སྒང་•ལྷག་རྒོད།
སྐྱིད་པའི་དུས་སུ་མགོ་འཕངས་མ་མཐོ།།
སྡུག་གི་སྔོན་བརྡ་ཡིན་ན་ཆོག།།
སྡུག་པའི་དུས་སུ་སྤོབས་པ་མ་ཞུམ།།
སྐྱིད་ཀྱི་ཕོ་ཉ་ཡིན་ན་ཐང།།
སྐྱིད་སྡུག་གི་འཁོར་ལོ་ནི་མི་ཚེ་ཡིན་པས།།
ང་ཚོའི་སྤྱོད་པ།།
ང་ཚོའི་སེམས་པ།།
རི་བོ་བཞིན་བརྟན་དགོས།།
རྩྭ་ཐང་བཞིན་ཡངས་དགོས།།
རི་བོ་བཞིན་བརྟན་དགོས།།
རྩྭ་ཐང་བཞིན་ཡངས་དགོས།།
滚动歌词贡献者:岗•拉贵