作词 : 迈
作曲 : 万玛项青
བརྗེད་པ།
གཞས་ཚིག། སྨྲ།
གཞས་གདངས། པདྨ་དབང་ཆེན།
གཞས་པ།ཀླུ་ཕྱུག་རྒྱལ།
ད་ལྟ་ཁྱོད་ཉིད་དྲན་ཡང་ཐུག་འཕྲད་མེད་པ་བྱུང་གིས།།
ལན་གསུམ་བལྟས་པའི་རྗེས་ཀྱི་རི་དང་ཆུ་ལ་བཅོལ་ཡོད།།
གཡུ་ཡི་རྩྭ་ཐང་རྒས་རུང་དམ་བཅའ་ཉི་ཟླ་གཉིས་ཡིན།།
ཆུང་འདྲིས་ལ་ཡེ།
གཙུག་གི་ཉི་ཟླ་འགྱུར་ན་སྔོན་གྱི་བསྐོས་ཐེངས་འདི་ཡིན།།
ད་ལྟ་ཁྱོད་ཉིད་བོར་ཡང་བརྗེད་དུ་མེད་པ་བྱུང་གིས།།
ཕྱིར་དྲན་སྨྲེང་བ་གཡོ་བ་སྐྱི་བསེར་རླུང་ལ་བསྐུར་ཡོད།།
རླུང་ལ་ཕྱི་ཐག་མེད་ཀྱང་བརྩེ་བ་འཇམ་པོ་སྤྲིན་ཡིན།།
ཆུང་འདྲིས་ལ་ཡེ།
སྤྲིན་ལ་འགྱུར་ལྡོག་མང་བ་སྔོན་གྱི་བསྐོས་ཐེངས་འདི་ཡིན།།
ད་ལྟ་ཁྱོད་ཉིད་མེད་ཡང་སེམས་པས་གླེང་དགོས་བྱུང་གིས།།
ཡུན་ཐུང་མི་ཚེ་ཕྲ་མོའི་འདི་ཕྱི་གཉིས་ལ་བཅོལ་ཡོད།།
ལས་ཀྱི་དགའ་སྐྱོ་འདྲེས་ཡང་འགྲོགས་འདོད་ཡོད་དང་ཡོད་དེ།།
ཆུང་འདྲིས་ལ་ཡེ།
གང་བྱས་དབང་ན་མེད་ན་སྔོན་གྱི་བསྐོས་ཐེངས་འདི་ཡིན།།
ཆུང་འདྲིས་ལ་ཡེ།
གང་བྱས་དབང་ན་མེད་ན་སྔོན་གྱི་བསྐོས་ཐེངས་འདི་ཡིན།།