作词 : 诺巴
作曲 : 诺巴
编曲 : 西绕尼玛
ཨ་ཕ་ལགས།
ཚིག ནོར་བྷ།
དབྱངས། ནོར་བྷ།
ལེན་མཁན། ཤེས་རབ་ཉི་མ།
་ཁྱེད་ནི་ང་ཡི་སེམས་ཁོང་ལ་ཤར་བའི་ཁྲི་གདུགས་ཉི་མ་ཡིན།
ཁྱེད་ནི་ང་ཡི་མིག་ཀོང་ལ་འཁྱིལ་བའི་མཆི་མ་དྭངས་མོ་ཡིན།
ཁྱེད་ནི་ང་ཡི་སེམས་ཁོང་ལ་ཤར་བའི་ཁྲི་གདུགས་ཉི་མ་ཡིན།
ཁྱེད་ནི་ང་ཡི་མིག་ཀོང་ལ་འཁྱིལ་བའི་མཆི་མ་དྭངས་མོ་ཡིན།
ཨ་ཕ་ལགས།
ངའི་ཡིད་ཀྱི་མཆོད་མེ་ཚེ་འབར།
ཨ་ཕ་ལགས།
ངའི་ཡིད་ཀྱི་མཆོད་མེ།
ཨ་ཕ་ལགས།
ངའི་ཡིད་ཀྱི་མཆོད་མེ་ཚེ་འབར།
ཨ་ཕ་ལགས།
ངའི་ཡིད་ཀྱི་མཆོད་མེ།
དྭངས་གཙང་དྲི་མེད་ཀྱི་ཁ་བཏགས།
བུ་ངས་ཁྱེད་ལ་མཆོད་པ་ཕུལ་ཡོད།
དྲིན་ལྡན་ཡིད་འོང་གི་ཕ་ལོ།
ཁྱེད་ཉིད་ནམ་ཡང་བདེ་བར་བཞུགས་མཛོད།
བུ་ངའི་སེམས་ན་འོད་ཀྱི་འཁྱིལ་བའི་ཉི་མ་ལགས།