祝福安康 - 仁青东智
写在全国各族人民共同抗击新冠肺炎疫情之际
词:牧羊可可西里
曲:扎西达杰
ཁ་བ་གངས་རིའི་ཁྲོད་ནས།།
བརྗིད་ཉམས་ལྡན་པའི་ཚེ་སྲོག།
ཁ་སེམས་གཙང་མའི་དཔའ་བོ།།
གངས་ཅན་བོད་པ་དགའ་ཤོག།
དྭངས་གཙང་ཆུ་ཡི་མཆོད་རྟེན།།
འགྲོ་ཀུན་ཕན་བདེའི་འབྱུང་གནས།།
ཁོར་ཡུག་གཙང་མའི་ཞིང་ཁམས།།
མཐོ་སྒང་ཨ་མ་དགའ་ཤོག།
ལས་དང་རྒྱུ་འབྲས་སྲུང་མ།།
བྱམས་དང་སྙིང་རྗེའི་སྣ་འདྲེན།།
གདོན་བགེགས་བར་ཆད་སེལ་བའི།།
མ་ཡུམ་མེས་རྒྱལ་དགའ་ཤོག།
དགའ་ཤོག་དགའ་ཤོག་དགའ་ཤོག།
གངས་ཅན་བོད་པ་དགའ་ཤོག།
མཐོ་སྒང་ཨ་མ་དགའ་ཤོག།
མ་ཡུམ་མེས་རྒྱལ་དགའ་ཤོག།