作词 : 甲夏尔•拉巴扎西
作曲 : 甲夏尔•拉巴扎西
དྲན།
ཚིག་གདངས། ལྷག་པ་བཀྲ་ཤིས།
ལེན་མཁན། ལྷག་པ་བཀྲ་ཤིས།
རོལ་དབྱངས་སྒྲིག་བཟོ། བློ་བཟང་རྒྱལ་མཚན།
སྒྲ་ཕབ། བཀྲ་ཤིས་དོན་གྲུབ།
མཉམ་སྡེབ། ལྷག་པ་བཀྲ་ཤིས།
བརྡ་ཁྱབ་འཆར་འགོད། དངོས་གྲུབ་རྒྱ་མཚོ།
མཉམ་སྡེབ་སྒྲིག་བཟོ། བཀྲ་ཤིས་དོན་གྲུབ།
ཡིག་སྒྱུར། ལྷག་པ་བཀྲ་ཤིས།
༡:རང་རང་གི་ཕུགས་བསམ་ཆེད་དུ།
རྒྱུས་མེད་གཞན་ཡུལ་ལུང་དུ་བསླེབས་སོང་།
ལ་མོ་གཅིག་རྒྱབ་གཉིས་རྒྱབ།
ཕ་ཡུལ་ཕ་མ་རྒྱང་རིང་དུ་ལུས་སོང་།
འགྲམ་ལ་ཡོད་པ་ནི་ཀི་ཐར་གཅིག་རེད།
སྐྱོ་བའི་གླུ་དེ་ལེན་ནས་བསླེབས་སོང་།
སེམས་ནང་གི་སྐྱོ་གདུང་འདི་ནི།
སུ་ལ་དྲངས་མིན་ཤེས་ཀྱི་མིན་འདུག།
མཚན་མོ་འདི་ང་རང་གཅིག་པུར་ལུས་སོང་།
རྒྱུས་མེད་མི་ཡིས་ལུས་པ་འདི་རུ་ལུས་སོང་།
མཚན་མོ་འདི་ལ་ང་རང་གཅིག་པུར་ལུས་སོང་།
སྙིང་གཏམ་སྐད་ཆ་བཤད་ས་མེད་པར་ལུས་སོང་།
རྒྱུས་མེད་མི་ཡི་ལུང་པ་འདི་ཡི་ནང་།
ཕ་མ་སྤུན་མཆེད་དྲན་ནས་བསྡད་ཡོད།
ཁེར་རྐྱང་གི་གློག་འོད་འོག་ཏུ།
ཡང་ནས་ཡང་དུ་དྲན་ནས་བསྡད་ཡོད།
༢:མཚན་མོ་འདི་ལ་ང་རང་གཅིག་པུར།
ཁེར་རྐྱང་ཁང་པ་འདི་ཡི་ནང་དུ་ལུས་སོང་།
བརྩེ་བའི་མི་ནི་མཐོང་རྒྱུ་མིན་འདུག
ང་ལ་ཡོད་པ་སྐྱོ་གདུང་ཙམ་རེད།
ཆར་པ་སིམ་སིམ་གྱི་མཚན་མོ།
ཕ་ཡུལ་ཕ་མ་ཧ་ཅང་དྲན་གྱིས།
མགྱོགས་མྱུར་ཕ་མ་སྤུན་མཆེད་མཇལ་བའི།
སྨོན་ལམ་ང་ཡིས་ཡང་ཡང་འདེབས་ཡོད།
མཚན་མོ་འདི་ང་རང་གཅིག་པུར་ལུས་སོང་།
རྒྱུས་མེད་མི་ཡིས་ལུང་པ་འདི་རུ་ལུས་སོང་།
མཚན་མོ་འདི་ལ་ང་རང་གཅིག་པུར་ལུས་སོང་།
སྙིང་གཏམ་སྐད་ཆ་་བཤད་ས་མེད་པར་ལུས་སོང་།
མཚན་མོ་འདི་ལ་ང་རང་གཅིག་པུར་ལུས་སོང་།
ཕུགས་བསམ་རེ་བ་མངོན་འགྱུར་ཆེད་དུ་ལུས་སོང་།
མཚན་མོ་འདི་ལ་ང་རང་གཅིག་པུར་ལུས་སོང་། །
ཕ་ཡུལ་མཇལ་རྒྱུའི་སྨོན་ལམ་བཏབ་ནས་ལུས་སོང་།
༣:ཁེར་རྐྱང་གི་འཚོ་བ་བསྐྱལ་དུས།
གཞི་ནས་དཀའ་སྡུག་ཚོར་གྱིས།
ཕ་མ་སྤུན་མཆེད་དྲན་གྱིས།
སྙིང་དབུས་ནས་ཧ་ཅང་དྲན་གྱིས།