作词 : 周拉加
作曲 : 郎甲·曲迈才让
སྐྱིད་གླུ་བཀྲ་ཤིས་དགུ་བརྩེགས།
ཚིགའབྲུག་ལྷ་རྒྱལ།
དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་།
གཞས་མ། གཡུ་སྒྲོན་མཚོ།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
དུས་བདེ་བསྐལ་བ་བཟང་པོ།
བཀྲ་ཤིས་དང་པོས་ཚེས་བྱུང་།
འོད་གསལ་དྲོད་ཀྱི་ཉི་གཞོན།
བཀྲ་ཤིས་གཉིས་པས་ཤར་བྱུང་།
བདེ་སྐྱིད་གཡང་གི་སྒོ་མོ།
བཀྲ་ཤིས་གསུམ་པས་ཕྱེས་བྱུང་།
ཨེ་མ་ཧོ། དགའ་བ་ལ། སྐྱིད་པ་ལ།
རྐང་བཞི་ཕྱུགས་ཀྱི་འཕེལ་ཁ།།
བཀྲ་ཤིས་བཞི་བས་རྒྱས་བྱུང་།
འབྲུ་དྲུག་ཟས་གྱི་བང་མཛོད།
བཀྲ་ཤིས་ལྔ་བས་གཏམས་བྱུང་།
འབྱོར་ཕྱུག་དཔལ་གྱི་ལང་ཚོ།
བཀྲ་ཤིས་དྲུག་པས་དར་བྱུང་།
ཨེ་མ་ཧོ། དགའ་བ་ལ། སྐྱིད་པ་ལ།
དག་གཙང་ཁ་བཏགས་དཀར་པོ།
བཀྲ་ཤིས་བདུན་པས་ཕུལ་བྱུང་།
སྙན་འཇེབས་དབྱངས་ཀྱི་གླུ་གཞས།
བཀྲ་ཤིས་བརྒྱད་པས་བླངས་བྱུང་།
གངས་ཅན་བོད་པའི་ཚེ་བསོད།།
བཀྲ་ཤིས་དགུ་བས་འཕེལ་སོང་།
ཨེ་མ་ཧོ། དགའ་བ་ལ། སྐྱིད་པ་ལ།