作词 : 古格落桑
作曲 : 古格落桑
འགྱུར།
ཚིག་ གུ་གེ་བློ་བཟང་།
གདངས་ གུ་གེ་བློ་བཟང་།
གཞས་པ། སྐལ་བཟང་དབང་འདུས།
སེམས་པ་ཤོར་སོང་ཟེར་མཁན།
བུ་མོ་ཁྱེད་རང་རེད།
སྒུག་དང་ཟེར་མཁན་བུ་མོ་ཁྱེད་རང་རེད།
ཟླ་བ་ཁ་ཤས་འགྲོ་དུས།
ཁྱེད་རང་སྐྱུར་ནས་འདུག
སྔོན་གྱི་ཟླ་བ་སྒྲོལ་མ་གར་སོང་མེད།
དང་པོའི་ཞལ་རས་ཟླ་བ།
དཀར་དམར་ཚོན་གྱི་སྒྲིབ།
རང་སྐད་མི་ཤེས་གཞན་སྐད་རྒྱབ་ཀྱི་འདུག
དབུ་སྐྲ་སི་ལིང་ལྗང་པ།
སྟབས་བདེའི་ཐུག་པ་འདྲ།
ཨ་ཙི་བུ་མོ་འདི་འདྲའི་སྐྱོ་བ་ལ།
སེམས་པ་ཤོར་སོང་ཟེར་མཁན།
བུ་མོ་ཁྱེད་རང་རེད།
སྒུག་དང་ཟེར་མཁན་བུ་མོ་ཁྱེད་རང་རེད།
ཟླ་བ་ཁ་ཤས་འགྲོ་དུས།
ཁྱེད་རང་སྐྱུར་ནས་འདུག
སྔོན་གྱི་ཟླ་བ་སྒྲོལ་མ་གར་སོང་མེད།
དང་པོའི་ཞལ་རས་ཟླ་བ།
དཀར་དམར་ཚོན་གྱི་སྒྲིབ།
རང་སྐད་མི་ཤེས་གཞན་སྐད་རྒྱབ་ཀྱི་འདུག
དབུ་སྐྲ་སི་ལིང་ལྗང་པ།
སྟབས་བདེའི་ཐུག་པ་འདྲ།
ཨ་ཙི་བུ་མོ་འདི་འདྲའི་སྐྱོ་བ་ལ།