作词 : 仁多尔/娘吉
作曲 : 仁多尔
འུ་གཉིས་ཀྱི་བར་ཐག་ས་ཐག་རིང་བོ་བཅད།
བཅད་ནས་ཡུན་རིང་འགོར།
ལས་དབང་གི་ཆུང་འདྲིས་ཁྱེད་དང་ཐུག་འདོད་འདུན་པ།
འདུན་པ་ཧ་ཅང་དྲག
མཛེས་པའི་ཞལ་རས་དེ་དང་སྙན་པའི་གསུང་དབྱངས་དེ།
དྲན་པའི་གཏིང་ལ་ཟུག་ཡོད། baby
བརྗེད་ཐབས་མི་འདུག
དམ་ཚིག་ལ་གཏོར་སྐྱོན་མ་གཏོང་སྙིང་སྡུག
ན་ཟུག་ལ་ཁ་སྣོན་མ་རྒྱག་ཆུང་འདྲིས།
མཛེས་པའི་བུ་མོ། སེམས་སོང་བུ་མོ།
མཛེས་པའི་བུ་མོ། སེམས་སོང་བུ་མོ།
འུ་གཉིས་ཕན་ཚུན་ལས་ཀྱིས་ས་མཐར་བརྐོས་ཀྱང་།
ནང་སེམས་ན་ཡོད་ནོ་ཁྱོད་རེད།
ཞེ་ལ་ཐོག་ནོ་ཁྱོད་རེད།
ངའི་དྲན་པ་འདི་ཁྱེད་ཀྱིས་ཨེ་ཚོར་མི་ཚོར་ཆུང་འདྲིས་ལགས།
དུས་ནམ་ཡིན་རུང་།
དུས་རྒྱུན་དུ་སེམས་ལ་ཟུག་པའི་དམ་བཅའ་དེ་དྲན།
དྲན་ནས་ཞེ་རེ་སྨྲེང་།
ཆ་རྒྱུས་ཡོད་པའི་གླུ་གཞས་དེ་གྲགས་ཡོང་དུས།
སེམས་ལ་དྲན་ཤིང་བཞག་ཡོད།
འུ་གཉིས་ཀྱི་ཁ་ཐག་ཧ་ཅང་ཐུང་ན་བསམ།
དྲན་གདུང་གི་མིག་ཆུ་མེད་ན་བསམ།
འུ་གཉིས་ཀྱི་བར་ཐག་སེམས་དང་སེམས་པས་སྦྲེལ།
སྦྲེལ་ནས་ལོ་ཟླ་འགོར།
སྙིང་ཁོང་གི་ཆུང་འདྲིས་ཁྱེད་དང་འཛོམས་འདོད་རེ་བ།
རེ་བ་ཧ་ཅང་དྲག
མཛེས་པའི་འཛུམ་མདངས་དེ་དང་འཇམ་པོའི་སྐད་ཆ་དེ།།
ཡིད་ཀྱི་གཏིང་ལ་ཟུག་ཡོད། baby
བརྗེད་ཐབས་མི་འདུག
བརྩེ་བ་ལ་གས་ཆག་མ་གཏོང་སྙིང་སྡུག
དྲན་པ་ལ་ན་ཟུག་མ་གནང་ཆུང་འདྲིས།
མཛེས་པའི་བུ་མོ། སེམས་སོང་བུ་མོ།
མཛེས་པའི་བུ་མོ། སེམས་སོང་བུ་མོ།
བརྩེ་བ་ལ་གས་ཆག་མ་གཏོང་སྙིང་སྡུག
དྲན་པ་ལ་ན་ཟུག་མ་གནང་ཆུང་འདྲིས།
མཛེས་པའི་བུ་མོ། སེམས་སོང་བུ་མོ།
མཛེས་པའི་བུ་མོ། སེམས་སོང་བུ་མོ།