作词 : 洛次燃烧的音符
作曲 : 洛次燃烧的音符
编曲 : 阿旺坚才
གཞུང་ཞབས་པའི་ཡིག་ཚད།
ཚིག པད་མ་བསྟན་འཛིན། བློ་བཟང་ཚེ་རིང་།
གདངས། བསྟན་འཛིན།
རོལ་དབྱངས། གཙོད་རྭ་རོལ་ཚོགས་ངག་དབང་རྒྱན་མཚན།
སྒྲ་འཇུག བློ་བཟང་ཚེ་རིང་། པད་མ་བསྟན་འཛིན།
ལེན་མ་མཁན། པད་མ་བསྟན་འཛིན། བློ་བཟང་ཚེ་རིང་།
གཞུང་ཞབས་པའི་ཡིག་ཚད་སྐར་མ་དོན་བཞག
མི་ནི་ཁ་ཤས་དགའ་ལ་ཁ་ཤས་སྐྱོ་ནས་འདུག
ལྷ་སར་སྤོས་ན་སྐར་གྲངས་མཐོ་ཐག་ཆོད་རེད།
ལྷོ་ཁར་སྤོས་ན་མི་ཡི་ཚང་ཤིག་ཤིག་རེད།
མངའ་རིས་སྤོས་ན་ཕ་ཡུལ་ས་ཐག་རིང་པོ་རེད།
ཆབ་མདོར་སྤོས་ན་ཕ་མ་སྤུན་དང་བྲལ་དགོསརེད།
ག་བྱེད་འདི་བྱེད་མེད་པའི་བུ་ང་ད་ཆ་ག་པར་འགྲོ་དགོས་རས།
རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་ནང་བཞིན་རེད།
འུ་ཐུག་ཐབས་ཟད་བུ་ང་ད་ཆ་ག་པར་འགྲོ་གོ་རེད།
ད་ནི་ལས་ལ་ཁ་གཡར་རྒྱུ་རེད།
ག་པར་ཕྱིན་ནའི་གཞུང་ཞབས་ཡིག་ཚད་ཀྱི་སྐོར་རེད་བཞག
ཕ་མ་ཁ་ཤས་དགའ་ལ་ཁ་ཤས་སྐྱོ་ནས་འདུག
འགྲན་རྩོད་ཆེ་བའི་དེང་སང་སྤྱི་ཚོགས་འདིའི་སྟེང་ལ།
མི་ནི་ཕྲག་དོག་ཆེ་ལ་ཇུས་གཏོགས་ཚ་བ་ལ།
ཕྱིན་ན་ཕ་ཡུལ་ས་ཐག་རྒྱང་ནས་འགྲོ་དགོས་རེད།
མ་ཕྱིན་ལྕགས་ཀྱི་ཕོར་པ་གང་ནས་ལེན་དགོས་རེད།
ག་བྱེད་འདི་བྱེད་མེད་པའི་བུ་ང་ད་ཆ་ག་པར་འགྲོ་དགོས་རས།
རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་ནང་བཞིན་རེད།
འུ་ཐུག་ཐབས་ཟད་བུ་ང་ད་ཆ་ག་པར་འགྲོ་གོ་རེད།
ད་ནི་ལས་ལ་ཁ་གཡར་རྒྱུ་རེད།
རྒྱུ་མེད་དབང་མེད་བུ་ང་ད་ཆ་ག་པར་འགྲོ་དགོས་རེད།
ང་ཡི་སྡུག་བསྔལ་ད་ཆ་སུ་ཡི་ཤེས།
རྒྱུ་མེད་དབང་མེད་བུ་ང་ད་ཆ་ག་པར་འགྲོ་དགོས་རེད།
ང་ཡི་ལས་དབང་ས་ཆ་གང་དུ་ཡོད་དམ།
ང་རའི་ལས་ལ་གང་བསྐོས་སྣང་བ་གང་ཤར་མེད།
ང་རའི་ལས་ལ་གང་བསྐོས་སྣང་བ་གང་ཤར་མེད།