作词 : 却三
作曲 : 索甲
སེམས་ཀྱི་དབྱངས་རྟ།
གཞས་ཚིག ཀྱེ་ཕུར་མཆོག་གསུམ།
དབྱངས། བསོད་ནམས་རྒྱལ།
ལེན་མཁན། བསོད་ནམས་རྒྱལ།
ཨ་མའི་མིག་ཟུང་ང་ཡི་ནམ་མཁའ་ཡིན།།
ནམ་མཁའི་སྤྲིན་པ་དཀར་པོ་ཁྱེད་ལ་འབུལ།།
ཁྱེད་ནི་བདག་གི་ཚེ་འདིའི་ཡབ་ཆེན་ཡིན།།
བློ་ཁོག་མཐའ་ཡས་སྤང་གི་མེ་ལོང་དུ།།
ང་ལ་དབང་བའི་ཡིག་འབྲུ་གསལ་བར་ཤོག།
ཨ་ཕའི་བློ་རྒྱ་ང་ཡི་ཕུགས་བསམ་ཡིན།།
ཕུགས་བསམ་དར་དཀར་རིང་མོ་ཁྱེད་ལ་འབུལ།།
ཁྱེད་ནི་བདག་གི་ཚེ་འདིའི་སྤུན་ཟླ་ཡིན།།
རེ་བའི་གཙང་ཆུ་དལ་མོའི་འགྱུར་ཁུག་ཏུ།།
ང་ལ་དབང་བའི་གླུ་སྐད་འཁྱིལ་བར་སྨོན།།
རྒན་གྱི་ལྷག་བསམ་བདག་གི་མེ་ལོང་ཡིན།།
མེ་ལོང་འོད་ཀྱིས་གཅུད་ནས་ཁྱེད་ལ་འབུལ།།
ཁྱེད་ནི་བདག་གི་ཚེ་འདིའི་ཆུང་འདྲིས་ཡིན།།
དམར་ཆུང་ཡིད་ཀྱིས་བཏབ་པའི་རྨི་ལམ་དུ།།
ང་ལ་དབང་བའི་དམ་བཅའ་བརྟན་པར་ཤོག།
ང་ལ་དབང་བའི་དམ་བཅའ་བརྟན་པར་ཤོག།