作词 : 格桑达瓦
作曲 : 格桑达瓦
ལས་འགྲོའི་བརྩེ་དུང་།
ཚིག་གདངས། སྐལ་བཟང་ཟླ་བ།
ལེན་མཁན། སྐལ་བཟང་ཟླ་བ། བཀྲ་ཤིས་ཆོས་སྒྲོན།
བུ་མོ། ང་ཡི་མི་ཚེའི་ནང་ལ།
ལས་འགྲོས་ཁྱེད་དང་མཇལ་བྱུང་།
ཁྱེད་ནི་མ་དྲན་རང་དྲན།
སེམས་པ་ཡོངས་ནི་ཁྱེད་ཡིན།
བུ་ ཁྱེད་རང་ག་རེ་བསམས་ཡང་།
ང་ལ་གསུང་རོགས་གནང་དང་།
ང་ཡི་སེམས་པ་ཡོད་ཚད།
ཁྱེད་རང་བསམས་ནས་བསྡད་ཡོད།
ཨོའོ་་་་་ང་ཡི་བུ་མོ།
ཨོའོ་་་་་ང་ཡི་བུ་ཆུང་།
མཉམ་དུ། མི་ཚེ་སྐྱིད་གསུམ་སྡུག་གསུམ།
ཁྱེད་རང་ཡོད་པས་སྐྱིད་བྱུང་།
ནམ་ཡང་ཁྱེད་དང་མཉམ་དུ།
བསྡད་རྒྱུ་བྱུང་ན་སྙམས་བྱུང་།
ང་གཉིས་ཀྱི་ལས་འགྲོའི་བརྩེ་དུང་།
ནམ་ཡང་ཉ་ཆུ་བཞིན་དུ།
ལོ་ཟླ་ག་ཚོད་ཕྱིན་ན་ཡང་།
ནམ་ཡང་བྲལ་མེད་ཡོད་པ་གནང་རོགས།
ལས་འགྲོའི་བརྩེ་དུང་།
ཚིག་གདངས། སྐལ་བཟང་ཟླ་བ།
ལེན་མཁན། སྐལ་བཟང་ཟླ་བ། བཀྲ་ཤིས་ཆོས་སྒྲོན།
བུ། ང་ཡི་མི་ཚེའི་ནང་ལ།
ལས་འགྲོས་ཁྱེད་དང་མཇལ་བྱུང་།
ཁྱེད་ནི་མ་དྲན་རང་དྲན།
སེམས་པ་ཡོངས་ནི་ཁྱེད་ཡིན།
བུ་མོ། ཁྱེད་རང་ག་རེ་བསམས་ཡང་།
ང་ལ་གསུང་རོགས་གནང་དང་།
ང་ཡི་སེམས་པ་ཡོད་ཚད།
ཁྱེད་རང་བསམས་ནས་བསྡད་ཡོད།
ཨོའོ་་་་་ང་ཡི་བུ་ཆུང་།
ཨོའོ་་་་་ ང་ཡི་བུ་མོ།
མཉམ་དུ། མི་ཚེ་སྐྱིད་གསུམ་སྡུག་གསུམ།
ཁྱེད་རང་ཡོད་པས་སྐྱིད་བྱུང་།
ནམ་ཡང་ཁྱེད་དང་མཉམ་དུ།
བསྡད་རྒྱུ་བྱུང་ན་སྙམས་བྱུང་།
ང་གཉིས་ཀྱི་ལས་འགྲོའི་བརྩེ་དུང་།
ནམ་ཡང་ཉ་ཆུ་བཞིན་དུ།
ལོ་ཟླ་ག་ཚོད་ཕྱིན་ན་ཡང་།
ནམ་ཡང་བྲལ་མེད་ཡོད་པ་གནང་རོགས།
ང་གཉིས་ཀྱི་ལས་འགྲོའི་བརྩེ་དུང་།
ནམ་ཡང་ཉ་ཆུ་བཞིན་དུ།
ལོ་ཟླ་ག་ཚོད་ཕྱིན་ན་ཡང་།
ནམ་ཡང་མཉམ་བཟའ་མཉམ་འཐུང་ཞུས་ཆོག