失眠的夜 - 丹真罗布
词:丹真罗布
曲:丹真罗布
གཉིད་ཆག་ཐེབས་པའི་མཚན་མོ།
འཇམ་ཐིང་ཐིང་གི་མཚན་མོ།
སྟོང་ལྷང་ལྷང་གི་ལམ་ཆུང།
ཁྲ་ཆིལ་ཆིལ་གྱི་སྐར་ཚོགས།
གྲང་ཤུར་ཤུར་གྱི་ཟླ་འོད།
འཇམ་ཐིང་ཐིང་གི་ཉལ་ཁང་།
སྟོང་ལྷང་ལྷང་གི་སེམས་པ།
ཁྲ་ཆིལ་ཆིལ་གྱི་འཚོ་བ།
གྲང་ཤུར་ཤུར་གྱི་རླུང་བུ།
གཉིད་ཆག་ཐེབས་པའི་ཚན་མོ།
ཁྱེད་ལས་དྲན་པ་མི་འདུག
ཐང་དཀར་རྒོད་པོ་ཞིག་ཡིན་ན་དགའ་བ་ལ།
གཤོག་རྩལ་ངོམས་ནས་ཁྱེད་རང་འཚོལ་དུ་འགྲོ།
ཁྲུང་ཁྲུང་དཀར་མོ་ཞིག་ཡིན་ན་དགའ་བ་ལ།
ནམ་འཕང་གཅད་དེ་ཁྱེད་རང་འཚོལ་དུ་འགྲོ།
འཇམ་ཐིང་ཐིང་གི་མཚན་མོ།
ཁྲ་ཆིལ་ཆིལ་གྱི་སྐར་ཚོགས།
སྟོང་ལྷང་ལྷང་གི་ལམ་ཆུང།
གྲང་ཤུར་ཤུར་གྱི་ཟླ་འོད།
འཇམ་ཐིང་ཐིང་གི་ཉལ་ཁང་།
ཁྲ་ཆིལ་ཆིལ་གྱི་འཚོ་བ།
སྟོང་ལྷང་ལྷང་གི་སེམས་པ།
གྲང་ཤུར་ཤུར་གྱི་རླུང་བུ།
གཉིད་ཆག་ཐེབས་པའི་ཚན་མོ།
ཁྱེད་ལས་དྲན་པ་མི་འདུག
ཐང་དཀར་རྒོད་པོ་ཞིག་ཡིན་ན་དགའ་བ་ལ།
གཤོག་རྩལ་ངོམས་ནས་ཁྱེད་རང་འཚོལ་དུ་འགྲོ།
ཁྲུང་ཁྲུང་དཀར་མོ་ཞིག་ཡིན་ན་དགའ་བ་ལ།
ནམ་འཕང་གཅད་དེ་ཁྱེད་རང་འཚོལ་དུ་འགྲོ།
ཐང་དཀར་རྒོད་པོ་ཞིག་ཡིན་ན་དགའ་བ་ལ།
གཤོག་རྩལ་ངོམས་ནས་ཁྱེད་རང་འཚོལ་དུ་འགྲོ།
ཁྲུང་ཁྲུང་དཀར་མོ་ཞིག་ཡིན་ན་དགའ་བ་ལ།
ནམ་འཕང་གཅད་དེ་ཁྱེད་རང་འཚོལ་དུ་འགྲོ།
གཉིད་ཆག་ཐེབས་པའི་མཚན་མོ།