作词 : 巴金洛南才仁
作曲 : 巴金洛南才仁
编曲 : 周强加
རྨི་ལམ་འཚོལ་ནས་རང་ཡུལ་ལོག
ཚིག དཔལ་ཆེན་བློ་རྣམ་ཚེ་རིང་།
དབྱངས། དཔལ་ཆེན་བློ་རྣམ་ཚེ་རིང་།
ལེན་མཁན། དར་རྒྱས། དཔལ་ཆེན་བློ་རྣམ་ཚེ་རིང་།
མདུན་ལམ་འཚོལ་པའི་ཨ་མའི་བུ་མོ། རྨི་ལམ་ཆེན་པོ་ལམ་ཐག་རིང་ཡང་།
རྒྱང་རིང་ལ་བཞུད་སོང་།
འཚོ་བའི་ལམ་ལ་ལང་ཚོ་ཤོར་བའི་འགྲུལ་བཞུད་བུ་ཆུང་།
སེམས་པ་ནི་ཨ་ཐང་ཆད་ཀྱང་། རང་གི་དགའ་བའི་ལམ་ལ་ལོག་ཡོད།
ཕུགས་འདུན་ལ་རྒྱུས་ལོན་མེད་པའི་ཨུ་ཚུགས་ཀྱི་ཕ་ལོ།
མུན་ནག་འགྲུལ་བཞུད་ཀྱི་རེ་བ་དེ་མ་ཤོར་རོགས།
གསོལ་བ་ཡར་ལ་འདེབས་བཞིན། སྐྱབས་འཇུག་ལྷ་ལ་ཞུས་ནས།
ང་ཚོ་མཐོ་སར་སྙེག་འགྲོ
བྱིས་དུས་ཀྱི་རྨི་ལམ་མཛེས་ཨང་།
སྒེའ་ཁུང་འགྲམ་གྱི་ཨ་ཕའི་གཏམ་རྒྱུད། སླར་ཡང་ཉོན་ན་འདོད།
ཟམ་ཆུང་འགྲམ་གྱི་ཆུང་འདྲེས་བྱམས་པ་ལན་གཅིག་འཕྲད་ན་བསམ།
ཁྱོད་ཀྱི་མཛེས་སྡུག་ནམ་ཡང་། ནམ་ཡང་ཡལ་དུ་མེད།
སྐོར་ལམ་ནས་འཁོར་ལོ་སྐོར་བའི་ཨ་མ་རྒན་མོ།
རྒྱང་རིང་འགྲོ་བའི་བུ་ལ་སྐྱབས་འཇུག་ཞིག་ཞུ་རོགས།
རྒྱལ་ཁམས་སྐོར་ནས་སླེབས་འོང་། རྨི་ལམ་བཙལ་ནས་སླེབས་འོང་།
ང་ཚོ་མཐོ་སར་ནས་མཇལ་ཡོང་།
ཕ་ཡུལ་ལགས་སེམས་ལ་ཡོད། འབྲི་སྟོད་སེམས་ལ་ཡོད།
རྨི་ལམ་དང་བསམ་དོན་འགྲུབ་དུས། ང་ཁྱོད་ཀྱི་དཔང་དུ་སླེབས་ཡོང་།