作词 : 迪岗·曲央
作曲 : 俄尖索郎
词:迪岗·曲央
曲:俄尖索郎
ཨེ་མ་ལ་ལན་གཅིག་བསོྭ།
དང་པོ་ས་ཆ་སེར་བོ།
ཨེ་མ་ལན་གཅིག་བསོྭ་བསོ།
གཉིས་པ་ཉི་མ་ཟླ་བ།
གསུམ་པ་རིགས་གསུམ་མགོན་པོ།
བཞི་བ་རྒྱལ་ཆེན་སྡེ་བཞི།
ཁྲ་མོ་གླིང་གི་ས་ཆ།
ཁྲ་མོ་གླིང་གི་ས་ཆ།
ཨེ་མ་ལ་ལན་གཅིག་བསོྭ།
ལྔ་བ་རྒྱལ་བ་རིགས་ལྔ།
ཨེ་མ་ལན་གཅིག་བསོྭ་བསོ།
དྲུག་པ་རྒྱན་དྲུག་མཆོག་གཉིས།
བདུན་པ་རྒྱལ་སྲིད་སྣ་བདུན།
བརྒྱད་པ་བཀྲ་ཤིས་རྟགས་བརྒྱད།
ཁྲ་མོ་གླིང་གི་ས་ཆ།
ཁྲ་མོ་གླིང་གི་ས་ཆ།
ཨེ་མ་ལ་ལན་གཅིག་བསོྭ།
དགུ་བ་རྡོ་རྗེ་རྩེ་དགུ
ཨེ་མ་ལན་གཅིག་བསོྭ་བསྭོ།
བཅུ་བ་སངས་རྒྱས་སྟོང་སྐུ།
བཅུ་གཅིག་ཐུགས་རྗེ་ཆེན་པོ།
བཅུ་གཉིས་ལོ་འཁོར་བཅུ་གཉིས།
ཁྲ་མོ་གླིང་གི་ས་ཆ།
ཁྲ་མོ་གླིང་གི་ས་ཆ།
ཨེ་མ་ལ་ལན་གཅིག་བསོྭ།
བཅུ་གསུམ་དགྲ་ལྷ་བཅུ་གསུམ།
ཨེ་མ་ལན་གཅིག་བསོྭ་བསོྭ།
འདུ་ཚོགས་ཁྲོམ་ར་བདེ་མོ།
འདུ་ཚོགས་ཁྲོམ་ར་བདེ་མོ།
བདེ་ལེ་གསོལ་དྲགས་གསོལ་སོང་།
ཁྲ་མོ་གླིང་གི་ས་ཆ།
ཁྲ་མོ་གླིང་གི་ས་ཆ།
ཞིང་ས་གྲུ་བཞི་ཡག་པོ།།
ཆུ་ལུད་འཛོམས་པ་ཡག་པོ།།
བཏབ་པའི་ས་བོན་ཡག་པོ།།
དཔྱིད་ཀའི་ཆར་བ་ཡག་པོ།།
ཡུར་མའི་ལས་ཀ་ཡག་པོ།།
ལྗང་མདོག་མྱུ་གུ་ཡག་པོ།།
འབྲུ་དྲུག་སྙེ་མ་ཡག་པོ།།
འབྲེག་པའི་ལོ་ཏོག་ཡག་པོ།།
བསྙལ་བའི་ནས་ཆང་ཞིམ་པོ།།
འཐག་པའི་རྩམ་པ་ཞིམ་པོ།།