ཨ་ཁུ་བྱམས་པ།,
ཚིག དམངས་ཁྲོད།
དབྱངས། དམངས་ཁྲོད།
རོལ་མོ། ར་པིན།
་སྒྲ་ལེན་པ་གྲུ་བ་ཚེ་རིང་
གཡུ་ཁོག་ མཚོ་མོ།
དབྱར་ཁ་སྤང་ལ་སྐྱིད་སོང་ལོ།
སྤང་ལ་མེ་ཏོག་མཛེས་སོང་ལོ་ཡ། ལོ་ལོ་སྒྲོལ་མ་ལོ།
ཨ་ཁུ་བྱམས་པ་ལོ། བྱམས་པའི་སྒྲོལ་མ་ལོ།
རྟ་ལ་ཅང་ཤེས་ལོ། སྒ་ལ་གསེར་སྒ་ལོ་ཡ། ལོ་ལོ་སྒྲོལ་མ་ལོ།,
དགུན་ཁ་གཟིམས་ཆུང་སྐྱིད་སོང་། འོ།
གཟིམས་ཆུང་ཉི་མ་དྲོ་སོང་། ལོ་ལོ་སྒྲོལ་མ་ལོ།
ཨ་ཁུ་བྱམས་པ་ཡོད། བྱམས་པའི་སྒྲོལ་མ་ཡོད།
རྟ་ལ་ཅང་ཤེས་ཡོད། སྒ་ལ་གསེར་སྒ་ཡོད། ལོ་ལོ་སྒྲོལ་མ་ལོ།,
དེ་རིང་ང་ཚོ་འཛོམས་སོང་གི་ལོ།
འཛོམས་པའི་སྐལ་བ་ལྡན་སོང་ལོ་ཡ། ལོ་ལོ་སྒྲོལ་མ་ལོ་་་་
ཨ་ཁུ་བྱམས་པ་ལོ། བྱམས་པའི་སྒྲོལ་མ་ལོ།
རྟ་ལ་ཅང་ཤེས་ལོ། སྒ་ལ་གསེར་སྒ་ལོ་ཡ། ལོ་ལོ་སྒྲོལ་མ་ལོ།,
ཨ་ཁུ་བྱམས་པ་ཡོད། བྱམས་པའི་སྒྲོལ་མ་ཡོད།
རྟ་ལ་ཅང་ཤེས་ལོ། སྒ་ལ་གསེར་སྒ་ལོ་ཡ། ལོ་ལོ་སྒྲོལ་མ་ལོ།