作词 : 尕尔旦
作曲 : 尕尔旦
编曲 : 尕尔旦
ངེད་ཚང་ཡིན།
我家
ཚིག དགའ་ལྡན།
作词:尕尔旦
དབྱངས། དགའ་ལྡན།
作曲:尕尔旦
ལེན་མཁན། མཉམ་ལེན།
原唱:合唱
ང་བརྩེ་ལྡན་བུ་ལོ་བོད་གི་ཡིན།།
我是藏族男孩儿
སྦྲ་སྨུག་པོ་རང་གི་མགོ་ན་ཡོད།
黑帐篷是我家
རྟ་ནོར་ལུག་རང་གི་སྒོ་ན་ཡོད།
马牛羊在门口
ཞོ་འོ་མའི་རྒྱ་མཚོ་འཁྱིལ་ནས་ཡོད།
酸奶牛奶成大海
ས་ཐག་རིང་མགྲོན་པོ་མགྲོན་ལ་ཕེབས།
欢迎远客到家做客
སྨུག་ལྡིར་སེ་རིག་ནོ་ངེད་ཚང་ཡིན།
美丽庄园是我家
ས་ཐག་རིང་མགྲོན་པོ་མགྲོན་ལ་ཕེབས།
欢迎远客到家做客
སྨུག་ལྡིར་སེ་རིག་ནོ་ངེད་ཚང་ཡིན།
美丽庄园是我家
ང་ཆོས་ལྡན་བུ་ལོ་བོད་གི་ཡིན།
我是藏族男孩儿
བྱམས་སྙིང་རྗེ་རང་གི་རྒྱུད་ན་ཡོད།
以慈悲为怀
གཟུངས་ཡིག་དྲུག་རང་གི་ངག་ན་ཡོད།
口念六字真言
ཆོས་ཟབ་མོའི་བྱིན་རླབས་ཐོབ་ནས་ཡོད།
得到深经加持
ས་ཐག་རིང་མགྲོན་པོ་མགྲོན་ལ་ཕེབས།
欢迎远客到家做客
གསུང་ཆོས་སྐད་ཅན་པོ་ངེད་ཚང་ཡིན།
动听的佛音在我家
ས་ཐག་རིང་མགྲོན་པོ་མགྲོན་ལ་ཕེབས།
欢迎远客到家做客
གསུང་ཆོས་སྐད་ཅན་པོ་ངེད་ཚང་ཡིན།
动听的佛音在我家
ང་བྱམས་ལྡན་བུ་ལོ་བོད་གི་ཡིན།
我是藏族男孩儿
དྲིན་ཕ་མ་སེམས་ཀྱི་དཀྱིལ་ན་ཡོད།
父母在我心中
ནང་བུ་ཕྲུག་རང་གི་འཚོས་ནས་ཡོད།
呵护孩子为重
ཁྱིམ་བཟའ་ཚང་དགོད་སྒྲའི་ཁེངས་ནས་ཡོད།
家庭和睦快乐
ས་ཐག་རིང་མགྲོན་པོ་མགྲོན་ལ་ཕེབས།
欢迎远客到家做客
གདོང་འཛུམ་གྱིས་བསུ་ནོ་ངེད་ཚང་ཡིན།
以笑容迎接
ས་ཐག་རིང་མགྲོན་པོ་མགྲོན་ལ་ཕེབས།
欢迎远客到家做客
གདོང་འཛུམ་གྱིས་བསུ་ནོ་ངེད་ཚང་ཡིན།
以笑容迎接
ང་ཀུན་ལྡན་བུ་ལོ་བོད་གི་ཡིན།
我是藏族男孩儿
བསང་རླུང་རྟ་རང་གི་ཕུགས་ན་ཡོད།
运气盛佳
ལྷ་སྲུང་མའི་ངོ་སོ་མཐོ་ནས་ཡོད།
敬重守护神
ས་གར་སོང་དོན་བརྒྱ་འགྲུབ་ནས་ཡོད།
万事如意
ས་ཐག་རིང་མགྲོན་པོ་མགྲོན་ལ་ཕེབས།
欢迎远客到家做客
མཚན་སྙན་གྲགས་ཅན་པོ་ངེད་ཚང་ཡིན།
名扬天下是我家
ས་ཐག་རིང་མགྲོན་པོ་མགྲོན་ལ་ཕེབས།
欢迎远客到家做客
མཚན་སྙན་གྲགས་ཅན་པོ་ངེད་ཚང་ཡིན།
名扬天下是我家