作词 : 赞普
作曲 : 旦正才让
ང་ཚོ་ཁྱོད་དང་མཉམ་དུ་ཡོད།
ཚིག བཙན་བུ།
དབྱངས། རྟ་མགྲིན་ཚེ་རིང་།
ལེན་མཁན། སངས་རྒྱས་ཚེ་རིང་། མགར་མཁའ་འགྲོ།
རོལ་མོ་སྒྲིག་བཟོ་དང་སྒྲ་ལེན་པ། མགོན་པོ་ལྷ་སྲུང་།
བརྙན་རིས་སྒྲིག་སྦྱོར་པ། བླ་མ་ཚེ་རིང་།
ནད་ཡམས་ལ་བརྩེ་བ་མེད།
རིགས་རུས་ལ་དབྱེ་བ་མེད།
མི་འདོད་ནད་ཀྱིས་བཟུང་ནས།
མི་སེམས་སྡུག་ལ་སྦྱར་སོང་།
བློ་ཕུགས་སེམས་རྩ་མ་གཉོམ་ཨ་རོགས་ཚོ།
དཀའ་སྤྱད་སྡུག་རུས་མ་ཉམས་ཨ་རོགས་ཚོ།
ང་ཚོ་ཁྱོད་དང་མཉམ་དུ་ཡོད།
མཐུན་པའི་ལག་གདང་སྦྲེལ་ན།
མི་སེམས་སྐྱིད་ཀྱིས་འཚོས་ཡོང་།
ཕུ་ནུའི་བརྩེ་བ་བསམས་ནས་ལམ་ལ་ཆས།
འགྱུར་མེད་ཆོད་སེམས་བསྣམས་ནས་ལམ་ལ་ཆས།
ང་ཚོ་ཁྱོད་དང་མཉམ་དུ་གནས་པས། ཤུ་རེ་བྱོས།
ནད་ཡམས་ལ་སྙིང་རྗེ་མེད།
རྒན་གཞོན་ལ་དབྱེ་བ་མེད།
གློ་བུར་ནད་ཀྱིས་བཟུང་ནས།
ཚེ་ཡི་མར་མེ་གཟིམས་སོང་།
བློ་ཕུགས་སེམས་རྩ་མ་གཉོམ་ཨ་རོགས་ཚོ།
དཀའ་སྤྱད་སྡུག་རུས་མ་ཉམས་ཨ་རོགས་ཚོ།
ང་ཚོ་ཁྱོད་དང་མཉམ་དུ་ཡོད།
མཐུན་པའི་ལག་གདང་སྦྲེལ་ན།
མི་སེམས་སྐྱིད་ཀྱིས་འཚོས་ཡོང་།
ཕུ་ནུའི་བརྩེ་བ་བསམས་ནས་ལམ་ལ་ཆས།
འགྱུར་མེད་ཆོད་སེམས་བསྣམས་ནས་ལམ་ལ་ཆས།