编曲 : 比如扎西音乐圈
སེམས་ཀྱི་མི།
གཞས་ཚིག་ དངོས་ཚེ།
གཞས་དབྱངས་ གུ་རུ་རྡོ་རྗེ།
ལེན་མཁན་ གུ་རུ་རྡོ་རྗེ་དང་ཚུལ་ཁྲིམས་དཔལ་ལྡན།
བུ་མོ་གཡུ་ཆུང་དྲུག་དཀར། །
ཁྱེད་རང་སེམས་ལ་བབས་པས། །
བདག་ལ་བརྩེ་བ་ཡོད་ན། །
གཡུ་མཐའ་བྱུ་རུས་བརྒྱན་ཆོག །
ཁྱེད་ལ་ཤོར་བའི་སེམས་འདི། །
སུ་དང་གང་ལས་མགྱོགས་པ། །
རྟ་ཕོ་རྐྱང་རྒོད་ཡོད་ཀྱང་། །
ཟིན་པའི་ཐབས་ནི་མི་འདུག །
སེམས་ལ་བབས་པའི་མི་དེ། །
རྨི་ལམ་ནང་གི་གཟི་འདྲ། །
ཤར་རྒྱུ་སེམས་ལ་ཤར་ཡང། །
འདོགས་རྒྱུ་སྐེ་ལ་མི་འདུག །
རང་སེམས་སོང་བའི་བུ་མོ། །
ལྟ་བཞིན་སྙིང་ལ་ཇི་འགྲོ། །
བྱུང་ན་ཚེ་གང་གཏན་གྲོགས། །
མ་བྱུང་སེམས་ཀྱི་ཁེན་ས། །
དྲན་པའི་གདུང་བ་ཟེར་བ། །
ཚིག་དང་ཡི་གེས་མི་མཚོན། །
མཇལ་བའི་གོ་སྐབས་བྱུང་ན། །
སེམས་དང་སེམས་པ་གླན་ཆོག །
དུང་སེམས་འོ་མའི་མཚོ་ལ། །
མི་གཙང་ནག་ནོག་མེད་པས། །
བརྩེ་དུང་གསེར་གྱི་ཉ་ཆུང། །
ནམ་ཞིག་འཁོར་བའི་སྨོན་ལམ། །
歌词滚动者:比如扎西