编曲 : 根呷才让
རྨ་ཆེན་གངས་ཀྱི་རྒྱལ་པོ་བསྟོད།
གནས་ཆེན་གཉན་པོ་གཡུ་རྩེ་བསྟོད།
རྨ་ཀླུང་ཕྱུག་མོའི་གཙང་ཆུ་མཆོད།
སྐྱ་རེངས་སྔོ་རེངས་ངང་གིས་མཆོད།
ཨེ་མ་ཧོ།
ངག་རྒྱུན་དུ།
བརྩེ་ཆེན་ཕ་ལོའི་མཆོད་སྲོལ་ཡག
བྱམས་ལྡན་མ་ལོའི་བསྒོམ་སྲོལ་ཡག
ཡག་ཐོག་རྒྱན་གྱི་ཁ་དཔེ་ལྟར།
ཁ་ཞེ་གཉིས་མེད་ཀུན་ལ་རྒྱན།
ཀྭི་ཀྭི་བསོ་བསོ་ལྷ་རྒྱལ་ལོ།
གླིང་དཀར་ཕ་ས་གླིང་གིས་བསྟོད་སྲོལ་ཡག
བསྟོད་སྲོལ་ཡག་པོ་ང་ཚོས་རྒྱུད་འཛིན་བྱེད།
ནུ་བོ་དགྲ་འདུལ་དབང་ཕྱུག་བསྟོད།
ཨ་སྐྱོང་འབུམ་པ་ཁག་གསུམ་བསྟོད།
སྟོང་རི་མཚོ་ནག་དགའ་བའི་མཆོད།
ཁྱུང་ཆེན་བླ་རི་དད་པའི་མཆོད།
ཨེ་མ་ཧོ།
ཁ་དཔེ་རུ།
གཙང་སེལ་དག་པའི་གཞོངས་ཆེན་ཡག
དཀར་གསུམ་མངར་གྱི་བསང་རྫས་ཡག
དྲི་མེད་ལྷ་ཡི་དར་ཁ་འཐེན།
སྐད་གསེང་མཐོན་པོའི་འབོད་ལུགས་ཡོད།
ཀྭི་ཀྭི་བསོ་བསོ་ལྷ་རྒྱལ་ལོ།
གླིང་དཀར་ཕ་ས་གླིང་གིས་སྐྱོང་ལུགས་ཡག
སྐྱོང་ལུགས་ཡག་པོ་ང་ཚོས་རྒྱུད་འཛིན་བྱེད།
ཀྭི་ཀྭི་བསོ་བསོ་ལྷ་རྒྱལ་ལོ།
གླིང་དཀར་ཕ་ས་གླིང་གིས་སྐྱོང་ལུགས་ཡག
སྐྱོང་ལུགས་ཡག་པོ་ང་ཚོས་རྒྱུད་འཛིན་བྱེད།
གླིང་དཀར་ཕ་ས་གླིང་གིས་སྐྱོང་ལུགས་ཡག
སྐྱོང་ལུགས་ཡག་པོ་ང་ཚོས་རྒྱུད་འཛིན་བྱེད།