作词 : 巴吾扎巴
作曲 : 巴吾扎巴
མི་ཚེའི་གཏན་གྲོཊ།
人生的伴侣
ང་འཇིག་རྟེན་གྱི་མི་ཡུལ་འདི་ནས།
在这个宁静的世界里
ལས་དབང་གིས་འཕྲད་པའི་མི་ཚེའི་གཏན་གྲོགས་ལགས།
缘分让我遇见的伴侣
ང་ཁྱེད་ལ་དགའ་བ་ལྷད་མེད་ཀྱི་ཞེ་འདང་ཡིན།
我对你的爱是真心的
ང་ཁྱེད་ལ་དུང་བ་འགྱུར་མེད་ཀྱི་བརྩེ་སེམས་ཡིན།
我对你的情是永恒的
ཁྱེད་ཀྱིས་ལག་ཟུང་ང་ལ་སྤྲེལ།
你愿选择牵着我的手
ང་ཡི་མིག་ཟུང་ཁྱེད་ལ་བཅེར།
我愿爱的眼神看着你
བརྩེ་བའི་འཛུམ་མདངས་སྟོན།
我们彼此有了深情的微笑
དགའ་བའི་དགོད་སྒྲ་མངོན།
欢喜的笑声
མ་འོངས་མི་ཚེ་ལ་བདེ་སྐྱིད་ཀྱི་དཔལ་ལ་རོལ།
我们将迈向幸福美满的生活
སྙིང་གི་ཚེ་རོགས་ཡ། མི་ཚེའི་གཏན་གྲོཊ་ཡ།
心中的爱人,人生的伴侣
མ་འོངས་མི་ཚེ་ལ་བདེ་སྐྱིད་ཀྱི་དཔལ་ལ་རོལ།
我们将迈向幸福美满的生活
ང་འཇིག་རྟེན་གྱི་མི་ཡུལ་འདི་ནས།
在这个宁静的世界里
སྟེས་དབང་གིས་འཕྲད་པའི་སྙིང་གི་བྱམས་པ་ལགས།
偶然遇见心中的爱人
ང་ཁྱེད་ལ་འཕྲད་པ་བསླུ་མེད་ཀྱི་ལས་འབྲས་ཡིན།
我遇见你是真诚的缘分
ང་ཁྱེད་དང་འགྲོགས་པ་འབྲལ་མེད་ཀྱི་དམ་བཅའ་ཡིན།
我和你在一起是不变的誓言
ང་ཡིས་ཁྱེད་ལ་གླུ་དབྱངས་ལེན།
我为你唱歌
ཁྱེད་ཀྱིས་ང་ལ་གཞས་ཆུང་འཁྲབ།
你为我表演
དགའ་བའི་ཁྱིམ་གཞིས་སྐྲུན།
建着美好的家
སྐྱིད་པའི་འཚོ་བ་རོལ།
过幸福的生活
མ་འོངས་མི་ཚེ་ལ་བདེ་སྐྱིད་ཀྱི་དཔལ་ལ་རོལ།
我们将迈向幸福美满的生活
སྙིང་གི་ཚེ་རོགས་ཡ། མི་ཚེའི་གཏན་གྲོཊ་ཡ།
心中的爱人,人生的伴侣
མ་འོངས་མི་ཚེ་ལ་བདེ་སྐྱིད་ཀྱི་དཔལ་ལ་རོལ།
我们将迈向幸福美满的生活