作曲 : 久巴
编曲 : 久巴
གཞས་ཚིག འབྲོག་འར་ཀྱེ།
གཞས་གདངས གཅོད་པ།
གཞས་པ གཅོད་པ། པ་ཚེ།
སྒང་བ་བོད་པའི་བོད་མི། །
སློབ་མ་ཁྱོད་ཀྱི་མེས་པོ། །
མ་འོངས་ང་ཚོས་དོན་དུ། །
སྐད་ཡིག་མཐོང་ཆེན་བྱེད་རོགས། །
དབྱངས་གསལ་ཤེལ་གྱི་ཕོ་བྲང་། །
དགེ་རྒན་ཁྱེད་ཀྱི་སྙིང་ནོར། །
སློབ་མ་ང་ཡི་བླ་སྲོག །
མི་རིགས་འདི་ཡིས་སྒྲོན་མེ། །
ཁ་བ་གངས་ཅན་བོད་པ། །
སློབ་མ་ཁྱོད་ཀྱི་ཁྲག་རྒྱུད། །
རིགས་ལ་ཞབས་ཞུའི་ཆེད་དུ། །
སྐད་ཡིག་མཐོང་ཆེན་བྱེད་རོགས། །
ཀ་ཁ་ནོར་བུའི་བང་མཛོད། །
དགེ་རྒན་དམ་པའི་སྐྱོངས་ཡོད། །
སློབ་མ་ང་ཡི་ཕ་སྐད། །
ནམ་ཡང་བརྗེད་ཐབ་དབེན་སོང་། །
སྤྱི་ཚོགས་གསར་པ་ཡིན་རུང་། །
སྐད་ཡིག་མཐོང་ཆེན་བྱེད་རོགས། །
ཡིག་རིགས་འདྲ་མིན་ཤེས་ཀྱང་། །
ཕ་སྐད་མཐོང་ཆེན་བྱེད་རོགས། །