作词 : 才仁江措
作曲 : 佐庆丹真
ཁ་བཏགས་དཀར་པོ་གངས་རིའི་ལྗོངས་ལ་འབུལ།
ཁ་ལས་རླུང་རྟ་དར་བའི་གླུ་ཞིག་ལེན།
ཁ་བ་རི་པའི་གངས་ཕྲུག་གཞོན་ནུ་ཚོ།
ཁ་སེམས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་འགྲོ་ཡེ།
ཨ་ལ་ཡེ། ཁ་བཏགས་དཀར་པོ།
ཨ་ལ་ཡེ། ཁ་བཏགས་དཀར་པོ།
ཁ་བ་རི་པའི་གངས་ཕྲུག་གཞོན་ནུ་ཚོ།
ཁ་སེམས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་འགྲོ།
ཁ་བཏགས་དཀར་པོ་གངས་རིའི་སྤུན་ལ་འབུལ།
ཁ་བ་ཅན་གྱི་ཆོལ་གསུམ་སྤུན་ཟླ་ཚོ།
ཁ་བའི་ལྗོངས་འདིར་མཛའ་བརྩེའི་མཐུན་སྒྲིལ་ངང་།
ཁ་རྗེ་དབང་ཐང་དར་བའི་རྟེན་འབྲེལ་ཞུ།
ཨ་ལ་ཡེ། ཁ་བཏགས་དཀར་པོ།
ཨ་ལ་ཡེ། ཁ་བཏགས་དཀར་པོ།
ཁ་བའི་ལྗོངས་འདིར་མཛའ་བརྩེའི་མཐུན་སྒྲིལ་ངང་།
ཁ་རྗེ་དབང་ཐང་དར་བའི་རྟེན་འབྲེལ་ཞུ།
ཁ་བཏགས་དཀར་པོ་གངས་ཅན་བོད་ལ་འབུལ།
ཁ་སེམས་མཐུན་པའི་གངས་ཅན་བོད་པ་ཚོ།
ཁ་བ་དཀར་པོའི་མདངས་ལྟར་ཞི་བདེའི་ངང་།
ཁ་བའི་ཁྱོན་ཀུན་ཁྱབ་པའི་སྨོན་འདུན་ཞུ།
ཨ་ལ་ཡེ། ཁ་བཏགས་དཀར་པོ།
ཨ་ལ་ཡེ། ཁ་བཏགས་དཀར་པོ།
ཁ་བ་དཀར་པོའི་མདངས་ལྟར་ཞི་བདེའི་ངང་།
ཁ་བའི་ཁྱོན་ཀུན་ཁྱབ་པའི་སྨོན་འདུན་ཞུ།