Mr Chemsi - 情无常
作词:Mrqiansi
作曲:Mrqiansi
编录混:Mrqiansi
རྒྱང་རིང་ཟླ་བ་ལྷ་མོ།།
མངོན་སུམ་མཐོང་བ་མེད་རུང་།།
དུངས་བའི་སྐར་མ་འོད་ཆུང་།།
ཡུན་གཅིག་བྲལ་བ་མ་མྱོང་།།
སྤྲིན་པ་ཡར་འགྲོ་ཞིག་ལ།།
དྲན་པ་ཡིད་གྱི་རི་མོ།།
ཉིན་མཚན་དབྱེ་བ་མེད་པར།།
བསྐུར་བ་ལན་གཅིག་མ་ཡིན།།
དགའ་བ་མཚོ་ཆུའི་ཁ་ཡིན།།
དུངས་བ་རྨ་ཆུའི་འགྲམ་ཡིན།།
དྲན་སྣང་ལོ་ཟླའི་བར་ནས།།།
ན་ཟུག་དབྱངས་ལ་བཀུགས་ཡོད༎
སེམས་ཀྱི་བརྩེ་བ་དྭངས་མོ།།
ཡུན་གཅིག་བྲལ་བའི་མཐའ་ལ།།
དུངས་བའི་འོ་མཚོ་དཀར་མོ།།
བདེ་བར་འཁྱིལ་ན་བསམ་བྱུང་།།
ཡ་ཆུང་སེམས་པའི་དཀྱིལ་གྱི༎
དམར་ཆུང་སྙིང་གི་ཕྱེད་ཀ།།
ལས་དབང་བསམ་ནག་ཞིག་གིས།།
དེ་ལ་བར་ཆད་བཏང་སོང་།།
ལས་དབང་དར་སྐུད་ཕྲ་མོ།།
ཚེ་འདིར་འཕྲད་པ་མེད་ན།།
སྐྱེ་བ་ཕྱི་མ་ཞིག་ལ།།
འཛོམས་པའི་སྨོན་ལམ་བཏབས་ཡོད།།
ཤིན་ཏུ་ཐོབ་འདོད་པ་དེ་ཧ་ཅང་ཐོབ་དཀའ་ན་ཡང་།
ངས་བསམ་ན་འཇིག་རྟེན་འདིར་ཆེས་ཐོབ་དཀའ་བ་ནི་
རང་ལ་མི་དབང་བའི་བརྩེ་དུང་དེ་རེད།
ཁྱོས་བསམ་ན་དེ་ཨེ་རེད།