作词:Mr Chemsi
作曲:Mr Chemsi
编曲:Mr Chemsi 岗日达瓦
录音:岗日达瓦
混音:Mr Chemsi
ཕྱིང་དཀར་སེམས་པའི་སྟེང་ལ་དུང་བའི་མི་ཞིག་འཇོག
心如白毡坐伊人
དུང་བའི་གཡུ་ཆུང་དྲུག་དཀར་རེ་བའི་ཚིག་གསུམ་ཞུ།
伊人如玉听我言
གཞན་ཡུལ་སྨོང་བ་བསླུ་བའི་ཞལ་གཟུགས་མེད་པའི་ཆོག
无需倾国倾城美
དཀར་དཀར་འོ་མ་འདྲ་བའི་བསམ་པ་ཡོད་ན་ལེགས།
只愿心善如白乳
དུང་བའི་མི་ཁྱོད་ཐོན་དུས་ངའི་སེམས་པ་དྲོད་ཀྱིས་ཁེངས་བར་སྨོན།
愿爱人相遇之时心暖如火
རེ་བའི་མི་ཁྱོད་ཕེབས་དུས་ངའི་འཚོ་བར་ཚོན་མདངས་བཀྲ་བར་ཤོག
愿爱人相遇之时美如彩虹
ཕྱིང་དཀར་སེམས་པའི་སྟེང་ལ་དུང་བའི་མི་ཞིག་འཇོག
心如白毡坐伊人
དུང་བའི་འཛུམ་ཆུང་པད་མོ་རེ་བའི་ཚིག་གསུམ་ཞུ།
伊人如莲听我言
གཞན་སེམས་ཅི་དགར་བསླུ་བའི་མཛེས་འཛུམ་མེད་པའི་ཆོག
无需美言诱人心
རེ་ཞུ་གཅེས་སུ་འཛིན་པའི་ཐུགས་རྒྱུད་ཡོད་ན་ལེགས
只愿良言记心里
དུང་བའི་མི་ཁྱོད་ཐོན་དུས་ངའི་ངོ་གདོང་འཛུམ་གྱིས་ཁེངས་བར་སྨོན།
愿爱人相遇之时笑颜绽放
རེ་བའི་མི་ཁྱོད་ཕེབས་དུས་ངའི་མི་ཚེ་བདེ་སྐྱིད་ལྡན་པར་ཤོག
愿爱人相遇之时幸福美满
དུང་བའི་མི་ཁྱོད་ཐོན་དུས་ངའི་ངོ་གདོང་འཛུམ་གྱིས་ཁེངས་བར་སྨོན།
愿爱人相遇之时笑颜绽放
རེ་བའི་མི་ཁྱོད་ཕེབས་དུས་ངའི་མི་ཚེ་བདེ་སྐྱིད་ལྡན་པར་ཤོག
愿爱人相遇之时幸福美满