作词 : 白玉扎西 巴金旺甲 民间改编
作曲 : 白玉扎西 巴金旺甲 民间改编
编曲 : 扎西巴丁 索郎泽仁
བོད་གཞས་སྦྲེལ་གླུ
《藏歌联唱》
【未经著作权人许可,不得翻唱、翻录或使用】
༄༅། ང་བུ་ཆུང་ས་སྟིང་ཡུལ་ལ་སོང་།
བུ་ཆུང་ཁྱེད་རང་ཕ་ཡུལ་གངས་རི་ཟེར།
ངའི་ཕ་ཡུལ་གངས་ལྗོངས་ལུང་པ་རེད།
ས་ཆ་འདི་ནི་ང་ཡི་ཕ་ཡུལ་རེད།
ངའི་ཕ་ཡུལ་གངས་རི་ལུང་པ་རེད།
ས་ཆ་འདི་ནི་ང་ཡི་་་ཕ་ཡུལ་་་རེད།
༄༅། མི་རིགས་ཀྱི་ལ་རྒྱ།
མེས་རྒྱལ་གྱི་གཟི་བརྗིད།
མཚོ་སྔོན་པོ། མཚོ་ལ།
ད་ཆ་དུས་ཤར་ན་བའི།
སེམས་པ། སེམས་པ་དགའ་བྱུང་།
མཚོ་སྔོན་པོ།
མཚོ་སྔོན་པོ། ཁྱེད་ནི་བདེ་སྐྱིད་ཀྱིས་བདེན་པ་དང་།
སེམས་པ། མ་འོངས་པའི་རེ་བ་ཡིན། རེ་བ་ཡིན།
༄༅།སེམས་ནང་གི་བུ་མོ།
མེ་ཏོག་སྒྲོལ་དཀར་ལགས།
མེ་ཏོག་འདྲ་བའི་འཛུམ་མདངས་ཁྱེད་ལ་ཡོད།
ཁྱེད་ཀྱི་ཆོས་བཟུང་། བཅོ་ལྔ་ཟླ་བ་འདྲ།
མཛེས་པའི་བུ་མོ། མེ་ཏོག་སྒྲོལ་དཀར་ལ།
ཨེ་་་་་་། མེ་ཏོག་སྒྲོལ་དཀར་ལགས།
ཁྱེད་ཀྱི་ཆོས་བཟང་། བཅོ་ལྔའི་ཟླ་བ་འདྲ།
ཟླ་་་བ་་་འདྲ།
༄༅།ང་ཕ་མའི་ཡོང་བའི་ཡུལ་དུས་སུ།
དྲིན་ཕ་མས་ལྷ་ནས་བཅག་ཞེས་འབོབ།
ངའི་སྙིང་གི་གཅེས་ཕྲུག་སེམས་བཞུག་ན།
སེམས་ལ་མི་སྐྱིད་ལོང་བའི་སེམས་ལ་བཞུག
ཨ་་་ཨ་་་། དྲིན་ཆེན་མ་ལོ་ལགས།
ངའི་དྲན་བའི་ང་འདི་ང་ལ་གླུ་ཞིག་ལེན།
དྲན་མ་ལོ་ཁྱེད་ལ་ཅི་བསམ་ཕོ་ལོ། ཁྱེད་ལ་ཅི་བསམ་ཕོ་ལོ།
༄༅།ཕ་རིགས་རི་ལ། གསེར་གྱི་རི།
གསེར་གྱི་རི་ལ། སྐྱབས་འགྲོ་ཚོགས་།
སོ་ཡ་ལ། གསེར་གྱི་རི་ལ། སྐྱབས་འགྲོ་ཚོགས།
གསེར་ཉིན་རི་ལ། གངས་གི་རི།
གངས་གི་རི་ལ། སྐྱབས་འགྲོ་ཚོགས།
སོ་ཡ་ལ། གངས་གི་རི་ལ། སྐྱབས་འགྲོ་ཚོགས།
སོ་ཡ་ལ། གངས་མ་ལྷ་ལ། སྐྱབས་འགྲོ་ཚོགས།།
མི་ཡི་མི་སྣ་འཛོམས་ས།,
ལྷ་སའི་ནོར་བུ་གླིང་ཁ།,
ནོར་བུ་གླིང་ཁ་མེད་ན།,
མི་ཡི་མི་སྣ་འཛོམས་ས་མ་རེད་།,
ཤིང་གི་ཤིང་སྣ་འཛོམས་ས།,
ལྷ་སའི་ནོར་བུ་གླིང་ཁ།,
ནོར་བུ་གླིང་ཁ་མེད་ན།,
ཤིང་གི་ཤིང་སྣ་འཛོམས་ས་མ་རེད་།,
རི་དྭགས་སྣ་ཚོགས་འཛོམས་ས།,
ལྷ་སའི་ནོར་བུ་གླིང་ཁ།,
ནོར་བུ་གླིང་ཁ་མེད་ན།,
རི་དྭགས་སྣ་ཚོགས་འཛོམས་ས་མ་རེད་།