作词 : 日当呷扎
作曲 : 阿德•青梅才仁
འཛམ་གླིང་དགའ་ས་བོད་རེད།
ཚིག རུ་དམ་སྐལ་བཀྲ།
དབྱངས། ཨ་ཏི་འཆི་མེད་ཚེ་རིང་།
གཞས་པ། གདུགས་དཀར་ཡག།
སྟོད་ནས་དབུས་ཀྱི་ལོ་རྒྱུས་ཉན་ནས།།
ཡར་ཀླུངས་གཙང་པོས་རྒྱལ་ཁམས་ཉུལ་དུས།།
བོད་མིའི་གདོང་ལ་འཛུམ་ཆུང་འཁོར་བ།།
ཆུ་བོ་དྭངས་གསལ་ནང་ནས་མཐོང་སོང་།།
འཛམ་གླིང་དགའ་ས་བོད་རེད།།
བོད་ཀྱི་འཛུམ་ཞལ་གསེར་རེད།།
བར་ནས་ཨ་མདོའི་ཤེས་ཡོན་བསླབ་ནས།།
རྨ་ཆུ་ལི་མས་འཛམ་གླིང་བསྐོར་དུས།།
བོད་མིའི་སེམས་ལ་བྱམས་བརྩེ་འཁྱིལ་བ།
ཆུ་བོ་བཞུར་སྒྲའི་ནང་ནས་གོ་སོང་།།
འཛམ་གླིང་དགའ་ས་བོད་རེད།།
བོད་ཀྱི་བྱམས་བརྩེ་གསེར་རེད།།
སྨད་ནས་ཁམས་པའི་དཔའ་མཛངས་རྒུམ་ནས།།
འབྲི་ཆུ་སྔོན་མོས་འཇིག་རྟེན་འགྲིམས་དུས།།
བོད་མིའི་གཤིས་སྤྱོད་དར་ལས་འཇམ་པ།།
ཆུ་བོ་འཁྱུགས་འགྲོས་ནང་ནས་རྟོགས་སོང་།།
འཛམ་གླིང་དགའ་ས་བོད་རེད།།
བོད་ཀྱི་གཤིས་སྤྱོད་གསེར་རེད།།