作曲 : 俄旦加
ཚང་ནང་གི་བྱིའུ
ཚིག འབྲོག་སྐྱ་བོ།
དབྱངས། འོད་ལྡན་རྒྱལ།
གཞས་པ། འོད་ལྡན་རྒྱལ།
རོལ་མོ། ཚེ་འབུམ་རྒྱལ།
ཨ་སྔོན་ཁ་ཞེང་ཆེ་ཡང་།།
སྐྲག་རྒྱུ་རང་ད་མི་འདུག།
ང་ནི་བྱིའུ་ཆུང་ཞིག་སྟེ།།
འཕུར་འདང་ཞེ་ན་ཡོད་ཀྱང་།།
གཤོག་པ་རླུང་གིས་རྨས་དུས།།
སེམས་པ་ས་ལ་ལྷུང་སོང་།།
དགོང་ཕྱི་དྲོའི་གྲིབ་མ་གུག་དུས།།
མིག་གིས་ཉི་ནུབ་འཚོས་ནས།།
ཡང་ཡང་སྐྱོ་དགོས་བྱུང་སོང་།།
བསམ་ནི་སྟོན་ཀ་ཞིག་ལ།།
གཤོག་པ་རླུང་ནང་བརྡབ་སྟེ།།
གངས་དང་ནགས་ཀློང་བརྒལ་ནས།།
རྒྱང་རིང་འཕུར་དགོས་བསམ་མོད།།
མ་བསམ་སྡོང་རྩ་ཞིག་ནས།།
དཔྱིད་ཀར་སྒུག་དགོས་བྱུང་བས།།
རླུང་བསེར་བུ་ལྷོད་ཀྱིས་ལྡང་ཡང་།།
གྲང་ངར་རུས་ལ་ཟུག་ནས།།
ཁོག་འདར་རྒྱག་དགོས་བྱུང་སོང་།།
རང་ཡུལ་གད་པའི་ཁ་ནས།།
ཚེ་གཅིག་ལྡིང་སྐོར་བརྒྱབ་སྟེ།།
གཤོག་པ་གདན་ལ་བཏིང་ནས།།
ཚང་མལ་བཟོ་དགོས་བྱུང་ན།།
སེ་སྡོང་མཐོན་པོའི་རྩེ་ནས།།
རྒུམ་བུའི་ཆར་བ་བབས་ཏེ།།
ཆར་བབས་ནས་ལྟོགས་སྐོམ་སེལ་ཡང་།།
གཞན་གྱིས་བལྟས་ནས་ཅི་ཤེས།།