编曲 : 比如扎西音乐圈
མདང་ནུབ།
ཚིག དྲུང་ཡིག་རབ་ཁོ།
དབྱངས། བསོད་ནམས་སྟོབས་རྒྱལ།
གཞས་མ། ནོར་བུ་དབང་མོ།
མདང་ནུབ་ཆར་བ་བབས་བྱུང།
ཆར་བའི་སྒྲ་ལ་ཉན་ན།
མིག་ཆུ་ཞིག་ཀྱང་ཡོད་འདྲ།
རྒྱང་རིང་ཡུལ་གྱི་བུ་ཆུང་།།
ཁྱེད་རང་ངུས་པ་ཨེ་རེད།
མིན་ན་ཆར་གྱིས་དེད་པའི།
བྱེའུ་ཆུང་རྨས་མ་ཞིག་རེད།
མདང་ནུབ་རླུང་བུ་གཡུགས་བྱུང།
རླུང་བུའི་སྒྲ་ལ་ཉན་ན།
མངན་པ་ཞིག་ཀྱང་ཡོད་འདྲ།
རྒྱང་རིང་ཡུལ་གྱི་བུ་ཆུང་།།
ཁྱེད་རང་སྐྱོ་བ་ཨེ་རེད།
མིན་ན་རླུང་གིས་རལ་བའི།
ལོ་མ་ལྡོམ་པོ་ཞིག་རེད།
མདང་ནུབ་སྤྲིན་པ་འཁྲུགས་བྱུང།
སྤྲིན་པའི་བར་ལ་བལྟས་ན།
སྐར་མ་ཞིག་ཀྱང་ཡོད་འདྲ།
རྒྱང་རིང་ཡུལ་གྱི་བུ་ཆུང་།།
ཁྱོད་ཀྱི་མིག་ཟུང་ཨེ་རེད།
མིན་ན་དྲན་པའི་ཀློང་གི།
སྐར་མ་ཁེར་རྐྱང་ཞིག་རེད།།