作词 : 岗尖土登扎西
作曲 : 罗塞
ཨ་སྐྱིད་ཡངས་བའི་སྤང་ལྗོངས་ན།།
ཐུལ་དཀར་འབྲི་མོ་འོ་མའི་མཚོ།།
འོ་ཟོ་ཅན་གྱི་བུ་མོ་མཛེས།།
ཨ་འཛོམས་འཁོར་བའི་ནང་འཛོམས་ལ།།
གཞུངས་དྲང་བུ་མོའི་ངང་རྒྱུད་འཇམ།།
ཨོ་་་་་་ཁྲེལ་གཞུང་ཅན་གྱི་བུ་མོ་ཡག།
ཨོ་་་་་་ཨ་འཛོམས་འཁོར་བའི་ནང་འཛོམས་ལ།།
གཞུངས་དྲང་བུ་མོའི་ངང་རྒྱུད་འཇམ།།
ཨོ་་་་་་ཁྲེལ་གཞུང་ཅན་གྱི་བུ་མོ་ཡག།
ཨ་སྐྱིད་གཡང་གི་རུ་མ་ལ།།
གོམ་ཆེན་རྟ་ཕོའི་བང་མྱུར་ཡག།
རླུང་རྟ་སྩོལ་བའི་སྟག་ཤར་སྐྱིད།།
ཨ་འཛོམས་འཚོ་བའི་རྟེན་གཞི་ལ།།
གཤིས་བཟང་བུ་ལོའི་ཕྱི་ཐག་རིང་།།
ཨོ་་་་་་ཕྱི་ཐག་ཅན་གྱི་བུ་ལོ་ཡག།
ཨོ་་་་་་ཨ་འཛོམས་འཚོ་བའི་རྟེན་གཞི་ལ།།
གཤིས་བཟང་བུ་ལོའི་ཕྱི་ཐག་རིང་།།
ཨོ་་་་་་ཕྱི་ཐག་ཅན་གྱི་བུ་ལོ་ཡག།
ཨ་སྐྱིད་བོད་པའི་ས་ཆ་ན།།
རྟགས་དང་རྟེན་འབྲེལ་རང་འཁྱིལ་ཡིན།།
ཨ་མཐུན་གཞོན་པའི་སྣང་བ་ཡག།།
ཨ་སྐྱིད་རང་ཡུལ་ཕྱུག་མོ་ན་།།
བུ་དང་བུ་མོ་ཆ་འགྲིག་ཡིན།།
ཨོ་་་་་་ཆ་འགྲིག་འཁོར་བའི་སྣུམ་ཤ་ཡིན།།
ཨོ་་་་་་ཨ་སྐྱིད་རང་ཡུལ་ཕྱུག་མོ་ན་།།
བུ་དང་བུ་མོ་ཆ་འགྲིག་ཡིན།།
ཨོ་་་་་་ཆ་འགྲིག་འཁོར་བའི་སྣུམ་ཤ་ཡིན།།
ཨོ་་་་་་ཨ་སྐྱིད་རང་ཡུལ་ཕྱུག་མོ་ན་།།
བུ་དང་བུ་མོ་ཆ་འགྲིག་ཡིན།།
ཨོ་་་་་་ཆ་འགྲིག་འཁོར་བའི་སྣུམ་ཤ་ཡིན།།
ཨོ་་་་་་ཆ་འགྲིག་འཁོར་བའི་སྣུམ་ཤ་ཡིན།།
ཨོ་་་་་་ཆ་འགྲིག་འཁོར་བའི་སྣུམ་ཤ་ཡིན།།
发行 : 星沄洲唱片