作词 : 扎西
作曲 : 扎西
作曲 扎西
作词 扎西
གདངས། Prod.kev
编曲 Prod.kev
ཚིག་དབྱངས། བཀྲ་ཤིས།
词曲 扎西
录音 友林音乐
གཞས་མིང་། གྱེས་བྲལ་གྱི་ན་ཟུག
歌名 分离的疼痛
ལོ་ལྔ་ཡི་སློབ་གླིང་འཚོ་བ།།
五年校园生活
སྤྲོ་སྣང་དང་བདེ་སྐྱིད་ལྡན་ཡང་།།
虽然有不舍和放不下
ཕུགས་བསམ་དང་འཚོ་བའི་ཆེད་དུ།།
但为了理想和生活
སྐྱོ་སྡུག་གི་ཀློང་ནས་འབྲལ་དགོས།།
要从悲伤中解脱出来
ལས་དབང་གི་བཀོད་སྒྲིགས་ཞིག་གིས།།
命运的安排
གསོ་རིག་གི་དྲི་བསུང་ཐུལ་བའི།།
散发着医学的芬芳
ཤེས་བྱ་ཡི་སྐྱེད་ཚལ་འདི་ནས།
ལྷན་འཛོམས་ཀྱི་གོ་སྐབས་བྱུང་བའི།།
相聚在医学的殿堂
བྱམས་བརྩེ་ཡི་གཟི་འོད་འབར་བའི།།
仁慈的光辉岁月
སློབ་དཔོན་གྱི་ཞལ་གདམས་དག་ལས།།
从恩师的箴言中
མན་ངག་དང་ཉིང་བཅུད་ལེན་ཞོར།།
吸取秘诀的精华
རྒྱུད་བཞི་ནི་བློ་རུ་འཛིན་པའི།།
四部医典永刻心间
གསོ་རིག་པའི་གཞུང་ལུགས་འདི་ཉིད།།
这个医学理论
ཁྱད་ཆོས་ནི་གཞན་ལས་འཕགས་པས།།
其特点是超凡脱俗
སྙིང་རྗེ་ཡི་བདག་ཉིད་ཆེན་མོའོ།།
གཡུ་ཐོག་པའི་རྗེས་སུ་འབྲངས་པའི།།
跟随宇妥的是济世救民的初心
གདམས་ངག་དང་ལག་ལེན་ཟབ་མོའི།།
言传身教 苦思冥想
དུག་རིགས་དང་ས་རྡོ་རྩི་ཤིང་།།
五毒和草木分分变化
སྨན་མཆོག་དང་བདུད་རྩིར་བསྒྱུར་བའི།།
བྱང་ཟུར་གཉིས་ཆུ་བོ་གཅིག་འདྲེས།།
汇聚成良药和甘露的河流
ལོ་ལྔ་ཡི་སློབ་གླིང་འཚོ་བ།།
五年校园生活
སྤྲོ་སྣང་དང་བདེ་སྐྱིད་ལྡན་ཡང་།།
虽然有不舍和放不下
ཕུགས་བསམ་དང་འཚོ་བའི་ཆེད་དུ།།
但为了理想和生活
སྐྱོ་སྡུག་གི་ཀློང་ནས་འབྲལ་དགོས།།
要从悲伤中解脱出来
གཤོག་རྩལ་ངོམ་པའི་དུས་ལ་བསླེབས་པས་ནམ་འཕང་གཅོད་འགྱུར།
སྐྲག་མི་དགོས།།
是展翅高飞的时候了 不要怯懦
སྤྱི་ཚོགས་འགྲན་རྩོད་ཁྲོད་ཀྱི་ནང་དུ་རང་གིས་ནུས་པ་བཏོན།
སློབ་གྲོགས་ཚོ།།
在竞争的社会的中 永为当先 同学们
འདྲིས་འདྲིས་པའི་མཐའ་མར་གྱེས་བྲལ་གྱི་སྡུག་ངལ་ལྕི་བས།།
ཡིད་རེ་སྐྱོ།།
相濡以沫总是免不了离别 遗憾
གོམས་གོམས་པའི་མཐའ་མར་མིག་ཆུ་ཡི་རྒྱ་མཚོ་འཁྱིལ་བས།།
ཞེ་ར་སྨྱུག
五年的点点滴滴在眼角汇聚汪洋大海
心尖泛起苦楚
འགྲོ་ཀུན་ལ་ཕན་བདེ་བསྐྲུན་ཕྱིར།།
为了造福众生
ལྷག་བསམ་གྱི་གཤོག་ཟུང་བརྐྱང་སྟེ།།
རྫ་ལུང་དང་རི་ལུང་བརྒལ་ནས།།
རྒྱང་རིང་གི་ཡུལ་ལ་ཆས་འགྲོ །
飞跃山川沟壑 远走他乡
ཞུམ་མེད་ཀྱི་སྙིང་སྟོབས་ཆེན་པོས།།
ལྷ་རྗེ་ཡི་དཔུང་སྡེར་ཞུགས་ནས།།
ཉམ་ཐག་པའི་ནད་པ་དག་ལ།།
སྔར་མེད་ཀྱི་བདེ་སྐྱིད་སྟེར་དགོས།།
大无畏的精神 与先辈同行 给抗争病魔
的人带来希望
གངས་ཅན་པའི་གསོ་རིག་བསྟན་པ།
ཕྱོགས་མེད་ཀྱི་རྒྱལ་ཁམས་ཡོངས་ལ།
ཉི་མ་དང་ཟླ་བ་ཇི་བཞིན།
རིས་མེད་དུ་དར་ཞིང་རྒྱས་པའི།
བཀྲ་ཤིས་ཤོག
浩瀚无垠的医学国度愿你如同天边的日月一般
永恒闪烁 扎西秀 扎西秀
གཤོག་རྩལ་ངོམ་པའི་དུས་ལ་བསླེབས་པས་ནམ་འཕང་གཅོད་འགྱུར།
སྐྲག་མི་དགོས།།
是展翅高飞的时候了 不要怯懦
སྤྱི་ཚོགས་འགྲན་རྩོད་ཁྲོད་ཀྱི་ནང་དུ་རང་གིས་ནུས་པ་བཏོན།
སློབ་གྲོགས་ཚོ།།
在竞争的社会的中 永为当先 同学们
འདྲིས་འདྲིས་པའི་མཐའ་མར་གྱེས་བྲལ་གྱི་སྡུག་ངལ་ལྕི་བས།།
ཡིད་རེ་སྐྱོ།།
相濡以沫总是免不了离别 遗憾
གོམས་གོམས་པའི་མཐའ་མར་མིག་ཆུ་ཡི་རྒྱ་མཚོ་འཁྱིལ་བས།།
ཞེ་ར་སྨྱུག
五年的点点滴滴在眼角汇聚汪洋大海
心尖泛起苦楚
འཚོ་བའི་ཁྲོད་ན་ཕྱིར་དྲན་ཡོད་པས་ང་དགའ་མྱོང་།
未来生活里有回忆 我喜
མིག་ཆུའི་ཁྲོད་ན་གཏམ་རྒྱུད་ཡོད་པས་ང་སྐྱོ་མྱོང་།
眼泪中有故事 我 悲
ཡིནའང་། ཡོད་ཚད་མི་རྟག་པ་ཡིན་པའི་རྐྱེན་གྱིས།།
མི་སྲིད་པ་ཐམས་བཅད་སྲིད་པར་འགྱུར་བས།།
བྲལ་དགོས་པ་འཇིག་རྟེན་གྱི་ཆོས་ཉིད་ཡིན་ཟེར།།
正因一切皆为无常 不可能进皆变成可能