作词 : 曼拉杰甫
作曲 : 桑德
གནམ་ལོ་སར་དུས་ཕ་མ་བུ་འཛོམ་ཤོག
གཞས་ཚིག སྨན་བླ་སྐྱབས།
གཞས་གདངས། གསང་བདག
གཞས་མ། ཨ་ཕྱུག་དོན་འགྲུབ་དབང་མོ།
ཕྱི་མིག་ཀློང་གི་སྒོ་ཞིང་འཇའ་རིས་མ།
རྒྱབ་ལ་བསྐྱུར་དུས་ཡུར་མ་ཡུར་འཕྲོ་ཡོད།
ཞིང་ཆུང། ས་ལ་བཏིང་བའི་ཁ་གདན་སྤྲིན་རིས་མ།
ཕ་མ་ཡུལ་ལ་བཞུགས་པའི་བཞུགས་རོགས་མཛོད།
ཞིང་ཆུང། སྒམ་ལ་བཅུག་པའི་སྐྲ་ལོང་གོས་དྲུབ་མ།
བུ་མོ་ཡུལ་ལ་འཁྲེང་བའི་སེམས་རྟེན་མཛོད།
གནམ་ལོ་སར་དུས་ཕ་མ་བུ་འཛོམ་ཤོག
ཕྱི་མིག་ཀློང་གི་སྒོ་ཟོག་གཟི་མགོ་མ།
རྒྱབ་ལ་བསྐྱུར་དུས་འོ་མ་བཞོ་འཕྲོ་ཡོད།
འབྲི་མོ། ཡུལ་ལ་བཅོལ་བའི་དུང་དཀར་གཡས་འཁྱིལ་མ།
ཕ་མ་ནང་ལ་བཞུགས་པའི་བཞུགས་རོགས་མཛོད།
འབྲི་མོ། སེམས་ལ་ཤར་བའི་གཡང་གི་གངས་རི་མ།
བུ་མོ་ཡུལ་ལ་འཁྲེང་བའི་སེམས་རྟེན་མཛོད།
གནམ་ལོ་སར་དུས་ཕ་མ་བུ་འཛོམ་ཤོག།