源头音符推广宣传
ཕ་ཡུལ་དྲན་གླུ
ཡ་དུང་།
ཤར་ཕྱོགས་རི་རྒྱལ་ལྷུན་པོ་རྩེ་ནས།
བཅོ་ལྔའི་དུང་ཟླ་ཤར་བྱུང་།
བཅོ་ལྔའི་དུང་ཟླ་མཐོང་བས།
ང་ཡི་ཕ་ཡུལ་ལ་དྲན་བྱུང་།
བཅོ་ལྔའི་དུང་ཟླ་མཐོང་བས།
ང་ཡི་ཕ་ཡུལ་ཡིད་ལ་དྲན།
ཨ་་་་་་ཕ་ཡུལ་་་་་་ཕ་ཡུལ།
ང་ཡི་སྙིང་གི་གླུ་དབྱངས་་ཐོས་སམ།
ཕ་ཡུལ་་་་་་་་ཕ་ཡུལ།
བུ་ཆུང་གང་ལ་སོང་ཡང་།
ཁྱེད་ཀྱི་རྣམ་པ་ཡིད་ལ་འཆར།
ཁྱེད་ཀྱི་རྣམ་པ་ཡིད་ལ་འཆར།
ཤར་གྱི་རི་རྒྱལ་ལྷུན་པོ་རྩེ་ནས།
བཅོ་ལྔའི་དུང་ཟླ་ཤར་བྱུང་།
བཅོ་ལྔའི་དུང་ཟླ་མཐོང་བས།
ང་ཡི་ཨ་མ་དྲན་བྱུང་།
བཅོ་ལྔའི་དུང་ཟླ་མཐོང་བས།
ང་ཡི་ཨ་མ་དྲན་བྱུང་།
ཨ་་་་་་ཨ་མ་་་་་་ཨ་མ།
ང་ཡི་སྙིང་གི་གླུ་དབྱངས་་ཐོས་སམ།
ཨ་མ་་་་་་་ཨ་མ།
བུ་ཆུང་གང་ལ་སོང་ཡང་།
ཁྱེད་ཀྱི་ཞལ་རས་ཡིད་ལ་འཆར།
ཁྱེད་ཀྱི་ཞལ་རས་ཡིད་ལ་འཆར།
ཤར་ཕྱོགས་རི་རྒྱལ་ལྷུན་པོ་རྩེ་ནས།
བཅོ་ལྔའི་དུང་ཟླ་ཤར་བྱུང་།
བཅོ་ལྔའི་དུང་ཟླ་མཐོང་བས།
ང་ཡི་ཕ་ཡུལ་ལ་དྲན་བྱུང་།
བཅོ་ལྔའི་དུང་ཟླ་མཐོང་བས།
ང་ཡི་ཕ་ཡུལ་ཡིད་ལ་དྲན།
ཨ་་་་་་ཕ་ཡུལ་་་་་་ཕ་ཡུལ།
ང་ཡི་སྙིང་གི་གླུ་དབྱངས་་ཐོས་སམ།
ཕ་ཡུལ་་་་་་་་ཕ་ཡུལ།
བུ་ཆུང་གང་ལ་སོང་ཡང་།
ཁྱེད་ཀྱི་རྣམ་པ་ཡིད་ལ་འཆར།
ཁྱེད་ཀྱི་རྣམ་པ་ཡིད་ལ་འཆར།