作词 : 仲基索南加
作曲 : 仲基索南加
ང་དང་བྱང་ཐང་བུ་མོ།
གཡང་དཀར་ལུག་གི་འཚོ་རོཊ།
ཁ་མཚར་རྩེ་མཚར་བར་ནས།
བརྩེ་བའི་འདུན་མ་ཆགས་སོང་།
མ་གསང་བཤད་པའི་སྙིང་གཏམ།
གཡང་དཀར་ལུག་ཁྱུས་གོ་ཡོད།
འོ་་་་་ཧོ་་་་་ཧོ་་་་་་།
བྱང་ཐང་བུ་མོ།
འོ་་་་་ཧོ་་་་་ཧོ་་་་་་།
བྱང་ཐང་བུ་མོ།
ཨ་་་་་་ཧ་་་་་་ཧ་་་་་་།
ང་ཡི་ཚེ་གཅིག་སྐྱ་ཡ།
ང་དང་བྱང་ཐང་བུ་ཆུང་།
རྩྭ་ཐང་གཅིག་ལ་འཛོམས་ཡོད།
བརྩེ་བ་གངས་ལ་བཅོལ་ཡོད།
དུང་བ་བྲག་ལ་བརྐོས་ཡོད།
གཉན་ཆེན་ཐང་ལྷའི་མདུན་ནས།
མི་འགྱུར་དམ་བཅའ་བཞག་ཡོད།
འོ་་་་་ཧོ་་་་་ཧོ་་་་་་།
བྱང་ཐང་བུ་ཆུང་།
འོ་་་་་ཧོ་་་་་ཧོ་་་་་་།
བྱང་ཐང་བུ་ཆུང་།
ཨ་་་་་་ཧ་་་་་་ཧ་་་་་་།
ང་ཡི་ཚེ་གཅིག་སྐྱ་ཡ།
ང་དང་ཆུང་འདྲེས་བྱམས་པ།
གཡང་ཁྱིམ་གཅིག་ལ་འཛོམས་སོང་།
ཁྱོད་ནི་མ་བཟང་བུ་མོ།
ཁྱོད་ནི་ཕ་བཟང་བུ་ཆུང་།
བཀྲ་ཤིས་གཡང་ཁྱིམ་ཚང་ནས།
མ་སྒྲིག་རང་འགྲུབ་ཆ་གཅིག
འོ་་་་་ཧོ་་་་་ཧོ་་་་་་།
བྱང་ཐང་བུ་ཆུང་།
འོ་་་་་ཧོ་་་་་ཧོ་་་་་་།
བྱང་ཐང་བུ་མོ།
ཨ་་་་་་ཧ་་་་་་ཧ་་་་་་།
ང་ཡི་ཚེ་གཅིག་སྐྱ་ཡ།
འོ་་་་་ཧོ་་་་་ཧོ་་་་་་།
བྱང་ཐང་བུ་ཆུང་།
འོ་་་་་ཧོ་་་་་ཧོ་་་་་་།
བྱང་ཐང་བུ་མོ།
ཨ་་་་་་ཧ་་་་་་ཧ་་་་་་།
ང་ཡི་ཚེ་གཅིག་སྐྱ་ཡ།