༄༅། །ཕ་མའི་དྲིན་ལན།
感恩父母
གཞས་ཚིག ཨ་མཁར་ཀུན་བཟང་ཡེ་ཤེས།
作词: 更松益西
དབྱངས། སངས་རྒྱས་ཕུན་ཚོགས།
作曲:桑杰朋措
གཞས་པ། པདྨ་འཕྲིན་ལས།
演唱:白玛成林
ཕ་མ་ནི་སེམས་ཀྱི་རྟེན་ཡིན།།
父母是心的依靠
ཚེ་སྲོག་འདི་འབྱུང་སའི་གཞི་རེད།།
是生命的起源
དཀའ་སྡུག་གི་འཚོ་བའི་ཁྲོད་ནས།།
艰苦的生活中
ཤ་ཁྲག་གིས་འགྲོ་སྒོ་གཏོང་ཡོད།།
付出了血汗的代价
ལས་བྱ་བ་གང་ལ་ཞུགས་ཀྱང་།།
不管做何事
དོན་དངོས་པོ་ཅི་ཞིག་འཕྲད་རུང་།།
遇到何物
དྲིན་ཕ་མའི་བཀའ་དྲིན་མ་བརྗེད།།
勿忘父母的恩情
ཚེ་ཕྱི་མའི་འགྲོ་རྟེན་དེ་ཡིན།།
种下来世的因果
དྲིན་ཕ་མའི་བཀའ་དྲིན་མ་བརྗེད།།
勿忘父母的恩情
ཚེ་ཕྱི་མའི་འགྲོ་རྟེན་དེ་ཡིན།།
种下来世的因果
ཕ་མ་ནི་རིན་ཆེན་ནོར་ཡིན།།
父母贵为宝
བྱམས་བརྩེ་འདི་ལྷད་མེད་གསེར་རེད།།
慈悲无暇
ན་ཚོད་ཀྱིས་དབང་པོ་རྒུད་ཀྱང་།།
虽失去了青春
སེམས་ཁྲལ་གྱིས་བུ་ཕྲུག་ཉོར་ཡོད།།
但为子女遮风挡雨
མཐོ་རྒྱལ་བློན་གོ་ས་བཟུང་ཀྱང་།།
不管有权有势
དམའ་མེད་པོ་དབྱུག་པ་ཐོགས་རུང་།།
还是贫穷低落
དྲིན་ཕ་མའི་བདག་སྐྱོང་མ་བརྗེད།།
勿忘对父母的照护
ཆོས་དགེ་བ་ཟེར་ཡང་དེ་ཡིན།།
那是积德行善
དྲིན་ཕ་མའི་བདག་སྐྱོང་མ་བརྗེད།།
勿忘对父母的照护
ཆོས་དགེ་བ་ཟེར་ཡང་དེ་ཡིན།།
那是积德行善
ཕ་མ་ནི་འགོ་བའི་ལྷ་ཡིན།།
父母是菩萨
མི་ཚེ་འདི་བགེགས་མེད་སྲུང་ཡོད།།
为你人生护航
ལུས་ཁམས་ཀྱི་ནུས་པས་དབུལ་ཡང་།།
虽已年老体弱
ནང་སེམས་ཀྱིས་རྟག་ཏུ་འཚོས་ཡོད།།
内心充满仁爱
ཆོས་སྒྲུབ་པའི་རྣམ་འབྱོར་ཡིན་ཀྱང་།།
不管是高僧大德
སྡིག་སྤྱོད་པའི་མི་སེར་ཡིན་རུང་།།
还是凡夫俗子
དྲིན་ཕ་མའི་བརྩེ་བ་མ་བརྗེད།།
勿忘父母的感恩
དོན་ལྷ་ཆོས་མི་ཆོས་དེ་ཡིན།།
那是天道人道之善
དྲིན་ཕ་མའི་བརྩེ་བ་མ་བརྗེད།།
勿忘父母的感恩
དོན་ལྷ་ཆོས་མི་ཆོས་དེ་ཡིན།།
那是天道人道之善
དྲིན་ཕ་མའི་བརྩེ་བ་མ་བརྗེད།།
勿忘父母的感恩
དོན་ལྷ་ཆོས་མི་ཆོས་དེ་ཡིན།།
那是天道人道之善