作词 : 曲杰
作曲 : 曲杰
ང་ཡོང་ཡོང་ཁམས་པའི་ཡུལ་ནས་ཡོང་།
ཤར་རྨ་རྒྱལ་སྤངས་རྭའི་མདུན་ནས་ཡོང་།
ལག་གཡས་ལ་ཁ་བཏགས་དཀར་པོ་བཟུང་།
ང་འགྲོ་འགྲོ་དབུས་གཙང་ཡུལ་ལ་འགྲོ།
ལག་གཡས་ལ་ཁ་བཏགས་དཀར་པོ་བཟུང་།
ང་འགྲོ་འགྲོ་དབུས་གཙང་ཡུལ་ལ་འགྲོ།
ཧོ་་་་ ཡ་ཡེས་ཡེ།
ལག་གཡས་ལ་ཁ་བཏགས་དཀར་པོ་བཟུང་།
ང་འགྲོ་འགྲོ་དབུས་གཙང་ཡུལ་ལ་འགྲོ།
ལག་གཡས་ལ་ཁ་བཏགས་དཀར་པོ་བཟུང་།
ང་འགྲོ་འགྲོ་དབུས་གཙང་ཡུལ་ལ་འགྲོ།
ང་ཡོང་ཡོང་མདོ་ཁམས་ཡུལ་ནས་ཡོང་།
ཆོས་གསེར་ལྡན་ཕོ་བྲང་མདུན་ནས་ཡོང་།
ལག་གཡོན་ལ་དབྱངས་ཅན་སྒྲ་སྙན་བཟུང་།
ང་འགྲོ་འགྲོ་ལྷ་སའི་ཡུལ་ལ་འགྲོ།
ལག་གཡོན་ལ་དབྱངས་ཅན་སྒྲ་སྙན་བཟུང་།
ང་འགྲོ་འགྲོ་ལྷ་སའི་ཡུལ་ལ་འགྲོ།
ང་ད་ནང་ཡོང་བ་ཤར་ནས་ཡོང་།
ཤར་རྡོ་རྗེ་བསམ་པའི་མདུན་ནས་ཡོང་
དོ་དགོང་འགྲོ་བ་ནུབ་ལ་འགྲོ།
ནུབ་སྣང་མཐའ་ཡས་མདུན་ལ་འགྲོ།
ནུབ་སྣང་མཐའ་ཡས་མདུན་ལ་འགྲོ།
ཡ་ཡ།
ང་ད་ནང་ཡོང་བ་ཤར་ནས་ཡོང་།
ཤར་རྡོ་རྗེ་བསམ་པའི་མདུན་ནས་ཡོང་།
དོ་དགོང་འགྲོ་བ་ནུབ་ལ་འགྲོ།
ནུབ་སྣང་མཐའ་ཡས་མདུན་ལ་འགྲོ།
ང་བུ་ཆུང་མར་སོང་བུ་ཆུང་སོང་།
བུ་ཆུང་དབུས་གཙང་ཡུལ་དུ་སོང་།
ཇོ་བོ་རྣམས་གསུམ་མཇལ་དུ་སོང་།
དབུས་གཙང་རི་བསྐོར་དུ་སོང་།
ཡ་ཡ།
ང་ཡོང་ཡོང་ཁམས་པའི་ཡུལ་ནས་ཡོང་།
ཤར་རྨ་རྒྱལ་སྤངས་རྭའི་མདུན་ནས་ཡོང་།
ག་སོང་ས་ལ་བཀྲ་རེ་ཤིས།
ག་བསྡད་ས་ལ་དོན་རེ་འགྲུབ།
ག་སོང་ས་ལ་བཀྲ་རེ་ཤིས།
ག་བསྡད་ས་ལ་དོན་རེ་འགྲུབ།
རྗེ་ཇོ་བོ་རྣམས་གསུམ་མཇལ་དུ་སོང་།
བར་དབུས་གཙང་རི་བསྐོར་དུ་སོང་།
རྗེ་ཇོ་བོ་རྣམས་གསུམ་མཇལ་དུ་སོང་།
བར་དབུས་གཙང་རི་བསྐོར་དུ་སོང་།
བར་དབུས་གཙང་རི་བསྐོར་དུ་སོང་།