作词 : 无
作曲 : 无
རྒས་པའི་ལོ་ནས་མ་བསྒྲིབས།།
ན་ཆུང་གཞོན་ཤ་འདོད་པའི།།
སྙིང་སྡུག་གངས་དཀར་སྒྲོལ་མ།།
སེམས་པ་སེམས་ཀྱི་རྟེན་ཡིན།།
རི་དང་གཙང་བོ་མ་བཅད།།
ལ་དང་ལུང་བ་མ་བཅད་།།
ལས་མཐུན་གངས་དཀར་སྒྲོལ་མ་།།
སྡེ་ཆེན་གྲོང་བཞུགས་ཡོད།།
རྒྱུ་དང་ནོར་ཀྱི་མ་ཉོས།།
ཐོབ་དང་གོ་གནས་མ་བསམ།།
ཆུང་འདྲས་གངས་དཀར་སྒྲོལ་མ།།
དམ་ཚིག་གཙང་བའི་སྲུང་མ།།
མཐོན་པོའི་རི་བོ་རྩེ་ནས།།
རླུང་རྟའི་དར་ཞིག་བསྒྲོན་ནས།།
ལས་མཐུན་གངས་དཀར་སྒྲོལ་མ།།