作曲 : 才仁巴桑
གངས་དཀར་ཡག་རྩེ་མོ་དགུང་ལ་མཉམ།།
དགུང་སྤྲིན་ཚོགས་གཡང་དཀར་ལུག་ལ་འདྲེས།།
སྤྲིན་དཀར་པོའི་ཁ་ཆུ་དོ་ལོ་ལོ།།
ལུག་དཀར་ཆུང་འབའ་སྒྲ་སི་ལི་ལི།།
ཨ་ལ་ཡེ། ཨ་ལ་ཡེ།
སྤྲིན་དཀར་པོའི་ཁ་ཆུ་དོ་ལོ་ལོ།།
ལུག་དཀར་ཆུང་འབའ་སྒྲ་སི་ལི་ལི།།
ཨ་ལ་ཡེ། ཨ་ལ་ཡེ།
སྤྲིན་དཀར་པོའི་ཁ་ཆུ་དོ་ལོ་ལོ།།
ལུག་དཀར་ཆུང་འབའ་སྒྲ་སི་ལི་ལི།།
དུས་ད་རེས་ཨ་ཕོ་ལུག་རྫི་སྐྱིད།།
སྐྱིད་ཉི་མ་ཤར་བའི་རྟེན་འབྲེལ་བཟང་།།
དུས་བཟང་པོའི་བསྟོད་གླུ་སིང་སིང་སིང་།།
སེམས་སྐྱིད་པོའི་དགོད་སྒྲ་ལྷང་ལྷང་ལྷང་།།
ཨ་ལ་ཡེ། ཨ་ལ་ཡེ།
དུས་བཟང་པོའི་བསྟོད་གླུ་སིང་སིང་སིང་།།
སེམས་སྐྱིད་པོའི་དགོད་སྒྲ་ལྷང་ལྷང་ལྷང་།།
ཨ་ལ་ཡེ། ཨ་ལ་ཡེ།
དུས་བཟང་པོའི་བསྟོད་གླུ་སིང་སིང་སིང་།།
སེམས་སྐྱིད་པོའི་དགོད་སྒྲ་ལྷང་ལྷང་ལྷང་།།
ཨ་ལ་ཡེ། ཨ་ལ་ཡེ།
དུས་བཟང་པོའི་བསྟོད་གླུ་སིང་སིང་སིང་།།
སེམས་སྐྱིད་པོའི་དགོད་སྒྲ་ལྷང་ལྷང་ལྷང་།།
ལྷང་ལྷང་ལྷང་།།