罗布 - 姆朵措姆
作词:扎西吾珠
作曲:罗布
མཁའ་ལ་ཤར་བ་མ་རེད།།
སྤང་ལ་འཁྲུངས་བ་མ་རེད།།
བརྩེ་གྲོགས་མེ་ཏོག་མཚོ་མོ།།
སེམས་ཀྱི་དབུས་ནས་འཁྲུངས་སོང་།།
ཁྱེད་དང་ང་ཡི་བར་ལ།།
རི་ཆུ་སྟོང་གིས་བཅད་ཀྱང་།།
བརྩེ་དུང་སེམས་ཀྱི་མདའ་མོ།།
ཁྱོད་རང་ཕྱོགས་ལ་འཕང་ཡོད།།
ཤར་གྱི་ལ་མོ་མ་རྒྱག །
གླིང་གཞི་བསྐོར་ནས་མ་འགྲོ།།
སྙིང་གྲོགས་མེ་ཏོག་མཚོ་མོ།།
ལས་ཀྱི་ལམ་ནས་འཕྲད་སོང་།།
ཁྱེད་དང་ང་ཡི་བར་ལ།།
མི་ཁས་གྱི་ཙམ་བཅད་ཀྱང་།།
བརྩེ་དུང་སེམས་ཀྱི་མེ་ཏོག །
ཁྱེད་རང་ཕྱོགས་ལ་སྐུར་ཡོད།།