作词 : 华尔秋
作曲 : 华尔秋
མི་དགའ་ལྷ་སྐྱིད་ཡོང་བར་ཤོག
May human & deity be happy
人喜神欢
ཚིག་རྩོམ་མཁན། ཞི་བདེ་ཉི་མ།
作词者/西德尼玛
དབྱངས་རྩོམ་མཁན། བློ་གསལ།
作曲者/罗萨
གཞས་གཏོང་མཁན། བློ་གསལ་དང་སྐྱབས་སྐྱོབས།
歌唱家/罗萨&甲吾角
སྟོད་རི་ཆེན་མགོ་ནས་བསང་ཞིག་གཏོང་།
巍峨山顶桑焰腾
དེ་ལྷ་བསང་ཡིན་ལ་འཛོམས་བསང་ཡིན།
供养众神亦示聚
འཛོམས་པའི་མི་དེ་ཕུ་ནུ་ཡིན།
宾朋满座皆为亲
ནང་ཕུ་ནུ་དཔུང་གདང་གྱུག་སེ་གྱུག
骨肉兄弟肩并肩
ངའི་ཕ་སའི་གཡང་གི་རྟེན་མ་ཡིན།
故乡福祉以此承
བསང་ཁྱོད་ཀྱིས་ཐོངས་དང་ངས་ཀྱང་གཏོང་།
你行供桑我跟之
ནང་མི་དགའ་ལྷ་སྐྱིད་ཡོང་བར་ཤོག
亲人皆为漫天欢
ཆུ་དྭངས་མོ་འདི་ལ་ཐོམ་གསུམ་བཅུ།
清澈溪水敬三舀
འདི་འཐུང་ཆུ་ཡིན་ལ་མཆོད་ཆུ་ཡིན།
恭敬众神亦为饮
འཐུང་ཆུས་འགྲོ་བ་སེམས་ཅན་གསོས།
众生之渴以此除
མཆོད་ཆུས་གཡང་དང་བདེ་སྐྱིད་འགུགས།
供养众神招幸福
ཡུལ་འཇིག་རྟེན་གསོ་བའི་ལྷ་ཆབ་འདི།།
赐予生命之天地
བུ་ཁྱེད་ཀྱིས་མཆོད་དང་ངས་ཀྱང་མཆོད།
你我皆为共同敬
ནང་མི་དགའ་ལྷ་སྐྱིད་ཡོང་བར་ཤོག
内外圆满获欢乐
ཁྱིམ་གཡང་ཁྱིམ་ཚང་ནས་གཞས་ཤིག་གཏོང་།
幸福家中歌一曲
དེ་བརྩེ་གཞས་ཡིན་ལ་འཛོམས་གཞས་ཡིན།
表达亲情亦明聚
འཛོམས་པའི་མི་དེ་ཕ་མ་ཡིན།
相聚之人为父母
དྲིན་ཕ་མ་བཞུགས་ན་ཁྱིམ་གཡང་ཡིན།
父母上座家满福
བུ་ཚ་བོས་བསྐོར་ན་དྲིན་ལན་ཡིན།
子孙满堂为感恩
གཞས་ཁྱེད་ཀྱིས་གཏོང་དང་ངས་ཀྱང་གཏོང་།
你我共同唱此歌
ནང་མི་དགའ་ལྷ་སྐྱིད་ཡོང་བར་ཤོག
家中皆为喜气漫