作词 : 尖·扎才
作曲 : 公保拉松
编曲 : 公保拉松
ཨ་སྔོན་དབྱིངས་ན་རྒྱུ་བའི་སྤྲིན་པ་འདི།
ཁྱོད་ལ་ཕུལ་བའི་ཁ་བཏགས་དཀར་པོ་ཡིན།
རྨ་ཆུ་སྔོན་མོ་དཀྲིས་གསུམ་བརྒྱབ་པ་འདི།
ཁྱོད་ལ་དུངས་པའི་ཕྱིར་མིག་ཐེངས་ཤིག་ཡིན།
རྩམ་དྲི་རུས་ལ་འཐིལ་བའི་ཤིང་ཁང་འདི།
གནའ་ཡི་ལག་ཤེས་ལྷ་ཡི་བཀོད་པ་ཡིན།
ཁྱེད་ཀྱི་མཚན་སྙན་འཛམ་གླིང་ཟིན་ཐོར་བཀོད།
ཁྱེད་ཀྱི་གཟི་བརྗིད་བསྟོད་པའི་གླུ་རུ་ལེན།
འཇིག་རྟེན་ཤོང་བའི་བློ་ཁོག་དེ།
ཁྱེད་ཀྱི་བརྗིད་ཉམས་ཁྲོད་ནས་ཕྱེས།
ཉི་ཟླ་འདེགས་པའི་བརྩེ་བ་དེ།
ཁྱེད་ཀྱི་སྤུན་ཟླའི་བར་ན་གནས།
ཁྱེད་ནི་འཛམ་གླིང་གི་ཆེས་ཆེ་བའི་ཤིང་ཁང་།
ངོ་མཚར་གྱི་བོད་ཁྱིམ་གླིང་ཀ།
ཁྱེད་ནི་མཐོ་སྒང་གི་དྲོད་སྐྱིད་གནས་མཆོག།
མཚར་སྡུག་གི་བོད་ཁྱིམ་གླིང་ཀ།
ཨ་སྔོན་དབྱིངས་ན་རྒྱུ་བའི་སྤྲིན་པ་འདི།
ཁྱོད་ལ་ཕུལ་བའི་ཁ་བཏགས་དཀར་པོ་ཡིན།
རྨ་ཆུ་སྔོན་མོ་དཀྲིས་གསུམ་བརྒྱབ་པ་འདི།
ཁྱོད་ལ་དུངས་པའི་ཕྱིར་མིག་ཐེངས་ཤིག་ཡིན།
རྩམ་དྲི་རུས་ལ་འཐིལ་བའི་ཤིང་ཁང་འདི།
གནའ་ཡི་ལག་ཤེས་ལྷ་ཡི་བཀོད་པ་ཡིན།
ཁྱེད་ཀྱི་མཚན་སྙན་འཛམ་གླིང་ཟིན་ཐོར་བཀོད།
ཁྱེད་ཀྱི་གཟི་བརྗིད་བསྟོད་པའི་གླུ་རུ་ལེན།
འཇིག་རྟེན་ཤོང་བའི་བློ་ཁོག་དེ།
ཁྱེད་ཀྱི་བརྗིད་ཉམས་ཁྲོད་ནས་ཕྱེས།
ཉི་ཟླ་འདེགས་པའི་བརྩེ་བ་དེ།
ཁྱེད་ཀྱི་སྤུན་ཟླའི་བར་ན་གནས།
ཁྱེད་ནི་འཛམ་གླིང་གི་ཆེས་ཆེ་བའི་ཤིང་ཁང་།
ངོ་མཚར་གྱི་བོད་ཁྱིམ་གླིང་ཀ།
ཁྱེད་ནི་མཐོ་སྒང་གི་དྲོད་སྐྱིད་གནས་མཆོག།
མཚར་སྡུག་གི་བོད་ཁྱིམ་གླིང་ཀ།
འཇིག་རྟེན་ཤོང་བའི་བློ་ཁོག་དེ།
ཁྱེད་ཀྱི་བརྗིད་ཉམས་ཁྲོད་ནས་ཕྱེས།
ཉི་ཟླ་འདེགས་པའི་བརྩེ་བ་དེ།
ཁྱེད་ཀྱི་སྤུན་ཟླའི་བར་ན་གནས།
ཁྱེད་ནི་འཛམ་གླིང་གི་ཆེས་ཆེ་བའི་ཤིང་ཁང་།
ངོ་མཚར་གྱི་བོད་ཁྱིམ་གླིང་ཀ།
ཁྱེད་ནི་མཐོ་སྒང་གི་དྲོད་སྐྱིད་གནས་མཆོག།
མཚར་སྡུག་གི་བོད་ཁྱིམ་གླིང་ཀ།