编曲 : BLN
贡曲加·草原之恋
འབྲོག་ཐང་གི་དྲན་པ།
作词;桑才扎
ཚིག བསང་ཚེ་བཀྲ།
作曲;仁青罗布
དབྱངས རིན་ཆེན་ནོར་བུ།
编曲;索瓜
རོལ་མོ། མགར་ཨ་བསོད།
སྟོད་རི་ཆེན་སྨུག་པ་ལ་མ་ལིང་། །
རྩྭ་རྩི་ཏོག་མགོ་ལྕོག་ལྡ་མ་ལྡེམ། །
ལུག་ཚེར་དཀར་དགུང་གི་སྐར་ཚོགས་བཞིན། །
རྫ་ཟུར་གསུམ་རྩེ་ན་དལ་ལ་ལ། །
རླུང་བསེར་བུ་མཐོངས་ཀའི་རྫི་བོ་ངས། །
ཁྱོད་དྲན་པའི་རུམ་ཁོང་གྲང་ཤུར་ཤུར། །
ཆུ་རྫ་ཆུ་དྭངས་མོ་ཀྱ་མ་ཀྱུ། །
བྱ་ཁུ་ལོའི་གསུང་སྐད་ལྷ་མ་ལྷང་། །
ནོར་གནག་མོ་སྤྲིན་ནག་ཡོལ་བ་བཞིན། །
རྫ་ཉིན་སྲིབ་མཚམས་ན་ཤ་ར་ར། །
ཁིས་ལབ་ཙེའི་སྲིབ་ཀྱི་རྫི་བོ་ངས། །
ཞེ་འཁྲེང་བའི་ལོ་ཟླ་འཁྱག་སིབ་སིབ། །
དབྱར་ཆར་ཤའི་འབྲུག་སྒྲ་ལྡ་མ་ལྡིར། །
ཕྱུགས་དཀར་ནག་རི་ནས་ཞོགས་མ་འདྲོགས། །
དུས་གློ་བུར་བབས་པའི་སེར་བ་བཞིན། །
མཚེར་སྔོ་རིས་འདབས་ན་གྱི་ལུ་ལུ། །
རྫ་ཁ་བརྒྱུད་བར་གྱི་རྫི་བོ་ངས། །
ཁྱོད་སྒུག་པའི་སེམས་པ་གཉོམ་དུང་དུང་།