作词 : RTDB
作曲 : RTDB
编曲 : LarryBeats1999
录音:RT·DB
混音:RT·DB
封面:RT·DB
མི་ཚེ་ནི་རིང་མོ་རིང་མོ་ཞིག་ཡིན་འདོད།
བདེ་སྐྱིད་ནི་བརྟན་པོ་བརྟན་པོ་ཞིག་ཡིན་འདོད།
དྲིན་ལན་འཇལ་རྒྱུ་ནམ་ཡང་སང་ཉིན་ལ་སྒུག་ཡོད།
ལྷན་འཛོམས་བྱེད་དུས་ཁ་བརྡ་མ་བྱས་ཁ་པར་རྩེས་ཡོད།
འཇིག་རྟེན་འཁོར་བ་ནི་མི་རྟག་སྒྱུ་འཕྲུལ་ཆེ།
དྲིན་ལན་ལ་རེ་སྒུག་མ་གནང་།
གཉེན་ཉེ་ལ་གཅེས་སྤྲས་བྱེད་རོགས།
ངས་དྲན་པའི་གཞས་ཆུང་ཞིག་ངག་ནས་ཤོར་སོང་།
ཁ་སང་གི་གཏམ་རྒྱུད་མིག་ལམ་ནས་མཐོང་སོང་།
ཟང་འུར་ཁྲོད་ནས་དྲིན་ལན་འཇལ་རྒྱུ་ཟེར་ནས་ལུས་སོང་།
གོ་སྐབས་ཡལ་སོང་སྐྱོ་གདུང་གི་མཆི་མ་ལྷུང་སོང་།
འཇིག་རྟེན་འཁོར་བ་ནི་མི་རྟག་སྒྱུ་འཕྲུལ་ཆེ།
དྲིན་ལན་ལ་རེ་སྒུག་མ་གནང་།
གཉེན་ཉེ་ལ་གཅེས་སྤྲས་བྱེད་རོགས།
དགའ་བ་སྐྱོ་བ་འཚོ་བའི་ཁ་དོག་རེད་དེ།
ངོ་ལ་འཛུམ་མདངས་ཀྱིས་འཚོ་བ་ང་ཚོའི་ཁ་ཕྱོགས་རེད་དེ།
སེམས་ངན་འཆང་ནས་མཎི་འདོན་པ་ལས།
སེམས་བཟང་འཆང་ནས་གླུ་ཆུང་ལེན།
བཅོ་ལྔའི་ཟླ་འོད་འོག་ནས།
དྲིན་རྩ་བའི་བླ་མ་ངས་གསོལ་བ་འདེབས།
ལུས་ན་ཚ་མེད་པའི་གསོལ་འདེབས་ཞུ།
ངས་གསོལ་བ་འདེབས།
མི་ཚེ་ནི་རིང་མོ་རིང་མོ་ཞིག་རེད་འདོད།
བདེ་སྐྱིད་ནི་བརྟན་པོ་བརྟན་པོ་ཞིག་རེད་འདོད།
མི་ཚེ་ནི་རིང་མོ་རིང་མོ་ཞིག་མ་རེད།
བདེ་སྐྱིད་ནི་བརྟན་པོ་བརྟན་པོ་ཞིག་མ་རེད