作词 : 向巴泽丁
作曲 : 贡嘎南杰
ཆུང་ཆུང་བྱིས་པའི་དུས་སུ་བྱམས་ཀྱིས་བསྐྱངས།།
ད་ལྟ་ཆེན་པོ་ཆགས་དུས་བརྩེ་བས་སྐྱོང་།།
རྒྱུས་མེད་གཞན་ཡུལ་གང་དུ་འཁྱམས་ན་ཡང་།།
ཕ་མས་ནམ་ཡང་བུ་ལ་ཁ་བརྡ་བྱེད།།
ཨ་ཕས་སྒྲུང་གཏམ་བཤད།།
ཨ་མའི་འོ་ཇ་བསྐོལ།།
ནང་མི་ལྷན་དུ་འཛོམས་པའི།།
བཀྲ་ཤིས་ཉིན་མོར།།
གཞིས་ཁྱིམ་གྲུ་བཞིའི་ནང་ལ།།
ཕ་མའི་བྱམས་བརྩེས་ཁེངས།།
ཨོའོ་་་་ ཕ་ལོ་མ་ལོ།།
ཨོའོ་་་ ཚེ་རིང་ལོ་བརྒྱ།།
ངའི་སེམས་ནང་གི་ཉི་མ།།
ཨོའོ་་ དྲིན་ཆེན་གྱི་ཕ་མ།།
ཁྱེད་གཉིས་ནི་བུ་ངའི་ཡོད་ཚད་ཡིན།།
ཚེ་རིང་ལོ་བརྒྱ།།
ཤ་ཁྲག་ཕུང་པོའི་ལུས་རྟེན་གནང་བའི་ཕ།།
རྣམ་ཤེས་གསེར་གྱི་སྦྲམ་བུ་བརྩོལ་བའི་མ།།
རིག་པའི་གནས་ལ་སྦྱོང་བར་མངགས་པའི་ཕ།།
རེ་བའི་ལང་ཚོ་དར་ལ་བཅོལ་བའི་མ།།
ཨ་ཕས་ཁ་བརྡ་བྱེད།།
ཨ་མས་མ་ཎི་འདོན།།
ཚེ་འདིར་ལྷན་འཛོམས་བྱུང་བ།།
ཚེ་སྔོན་བསགས་པའི་ལས་རེད།།
གཡང་ཁྱིམ་གྲུ་བཞིའི་ནང་ལ།།
ཕ་མའི་བྱམས་བརྩེས་ཁེངས།།
ཨོའོ་་་་ ཕ་ལོ་མ་ལོ།།
ཨོའོ་་་ ཚེ་རིང་ལོ་བརྒྱ།།
ངའི་སེམས་ནང་གི་ཉི་མ།།
ཨོའོ་་ བྱམས་ལྡན་གྱི་ཕ་མ།།
ཁྱེད་གཉིས་ནི་བུ་ངའི་བསོད་ནམས་ཡིན།།
ཚེ་རིང་ལོ་བརྒྱ།།
ཨོའོ་་་་ སེམས་ནང་གི་ཕ་མ།།
ཕ་མ་ཚེ་རིང་ལོ་བརྒྱ།།