ཁེར་རྐྱང་།
孤独
གཞས་ཚིག•བོང་སྟག་ཨ་དགའ་པདྨ།
作词:王德阿嘎班玛
གཞས་གདངས•གླིང་རྒྱལ་འཆི་མེད་ཚེ་རིང།
作曲:郎甲 曲迈才让
གཞས་པ•ཀེ་ཐོ་སྐྱབས།
歌手:索南东主
དུང་ཟླའི་ཞལ་རས་མ་མཇལ་ཁེར་རྐྱང་ཡིན།།
不见月色也是一种孤独
སྐར་མའི་གྲངས་འདར་ཁྲོད་ན་མི་རྐྱང་ཡིན།།
闪烁星空中多么的孤单
སེམས་པའི་ཁ་དོག་གསོན་པའི་ལྟེབ་ཁུག་ན།།
混乱心情而狼狈的单身汉
མི་རྐྱང་ང་ལ་དྲན་སྣང་ཁྲི་མ་འབུམ།།
幻想高空中向往好起诉
གྲོགས་ཤིག་ཨེ་ཡོད་བསམ་ནས་ལམ་དུ་ཆས།།
遇见朋友而走起远方
ལམ་ཕྲན་འདྲེས་མདོ་དེ་ནས་ང་རང་སྐྱོ།།
在哪十字路口不知何往
སྐྱོ་དབྱངས་དབྱངས་ལ་བཀུགས་པའི་མི་རྐྱང་ང་།།
唱起悲歌的流浪汉
མི་ཚེ་གོ་རིམ་ཁྲོད་ནས་གཅིག་པུར་ལུས།།
人生轮流中落在底处
མཚོ་མོ་འགྲམ་དར་ཆགས་སའི་ཡུལ་དེ་རུ།།
冰层覆盖着那坡湖面
ངང་བའི་གཤོག་ཟུང་བསྐྱངས་ནས་རྒྱང་ལ་འཕུར།།
切看雁儿双双往南飞
འཕུར་རོགས་མེད་པའི་ཨ་ཕོ་རྐང་ཐང་ང་།།
朴素狼狈的流浪汉子
མི་ཚེའི་བཞུད་ལམ་ཁྲོད་ནས་ཞེ་རེ་སྐྱོ།།
人生轮流中只能悲伤
འཕུར་རོགས་མེད་པའི་ཨ་ཕོ་རྐང་ཐང་ང་།།
朴素狼狈的流浪汉子
མི་ཚེའི་བཞུད་ལམ་ཁྲོད་ནས་ཞེ་རེ་སྐྱོ།།
人生轮流中只能悲伤
འཕུར་རོགས་མེད་པའི་ཨ་ཕོ་རྐང་ཐང་ང་།།
朴素狼狈的流浪汉子
མི་ཚེའི་བཞུད་ལམ་ཁྲོད་ནས་ཞེ་རེ་སྐྱོ།།
人生道路中只能悲伤